འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་དུས་ཆེན་གྱི་མེ་ཏོག་སྟེགས་བུ་གཙོ་བོ་དཔྱང་
    འདེགས་སྒྲིག་སྦྱོར་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་དུས་ཆེན་གྱི་མེ་ཏོག་སྟེགས་བུ་གཙོ་བོ་དཔྱང་
འདེགས་སྒྲིག་སྦྱོར་བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན།  ཟླ་9ཚེས་19ཉིན་2016ལོའི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་“མེས་རྒྱལ་ལ་རྟེན་འབྲེལ་ཞུ་”ཞེས་པའི་མེ་ཏོག་སྟེགས་བུ་གཙོ་བོ་དཔྱང་འདེགས་སྒྲིག་སྦྱོར་བྱེད་འགོ་བརྩམས་པ་རེད། ངོ་སྤྲོད་བྱས་པ་ལྟར་ན། མེ་ཏོག་སྟེགས་བུ་གཙོ་བོ་དེའི་མཐོ་ཚད་ལ་སྨི་17དང་། གཟེབ་མའི་མཐོ་ཚད་ལ་སྨི་15.3། ཚངས་ཐིག་ལ་སྨི་50བཅས་ཡོད་ཅིང་། དེའི་ནང་དུ་འདྲ་བཟོའི་མེ་ཏོག་300ལྷག་བཙུགས་ཡོད་པ་དང་། མེ་ཏོག་གི་རྒྱུ་ཆ་ནི་མེ་ཏོག་ས་པདྨ་དང་། མེ་ཏོག་ཡུས་ལན། པདྨ་མེ་ཏོག རྒྱ་སེར་མེ་ཏོག་བཅས་ཀྱིས་གཙོ་བོར་བྱས་ཡོད་པ་དང་། གཟེབ་མའི་ངོས་སུ་“མེས་རྒྱལ་ལ་རྟེན་འབྲེལ་ཞུ་”ཞེས་པ་དང་“རྒྱལ་སྟོན་དགའ་གཏོང་བྱེད་”ཅེས་པའི་ཡི་གེ་དང་1949ནས་2016བར་ཞེས་པའི་ལོ་རྟགས་ཕྲ་བཏབ་སྟེ་མེས་རྒྱལ་གྲ་རྒྱས་ཕུན་སུམ་ཇེ་ཚོགས་ཡོང་བའི་སྨོན་འདུན་ཞུ་སེམས་མཚོན་པ་རེད། སྔོན་དཔག་བྱས་ན་མེ་ཏོག་སྟེགས་བུ་སྒྲིག་སྦྱོར་ལས་དོན་གཟའ་འཁོར་འདིའི་གཟའ་མཇུག་ལ་ལེགས་འགྲུབ་བྱ་རྒྱུ་རེད།
    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་དུས་ཆེན་གྱི་མེ་ཏོག་སྟེགས་བུ་གཙོ་བོ་དཔྱང་
འདེགས་སྒྲིག་སྦྱོར་བྱེད་འགོ་བརྩམས་པ།
    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་དུས་ཆེན་གྱི་མེ་ཏོག་སྟེགས་བུ་གཙོ་བོ་དཔྱང་
འདེགས་སྒྲིག་སྦྱོར་བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།