འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་འགྲེམས་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ལྷ་ས་ས་གཙང་བདེ་ཐང་ཐོན་ལས་ཀྱིས་སྣེ་ཁྲིད་བྱས་པའི་བོད་ལྗོངས་ཀྱི་ཁེ་ལས་15ཞུགས་པ་དང་ཐོན་རྫས་སྣ་ཁ་81པེ་ཅིང་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས་ཐོག་འགྲེམས་སྟོན་བྱས་ཤིང་། པེ་ཅིང་འགྲེམས་སྟོན་ཁང་དུ་བསྐྱོད་ཚེ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ཟོག་ཉོ་ཐུབ་ཀྱི་ཡོད།
         ད་ཐེངས་བོད་ལྗོངས་ཀྱིས་འགྲེམས་སྟོན་བྱས་པའི་ཐོན་ཟོག་གཙོ་བོ་ནི་གནོད་མེད་དང་ལྗང་མདོག་སྤུས་རྟགས་ཤ་སྟག་ཡིན་པའི་ནང་ཀོ་ཆས་དང་། ཁུ་ལུའི་ཐོན་རྫས། ཁ་གདན། ས་མཐོའི་དཀར་ཆུའི་ཐོན་རྫས། ས་མཐོའི་གཏེར་ཆུ། སྤོས་དང་བོད་སྨན་སོགས་ཡོད་པ་རེད།
         འགྲེམས་ཚོགས་ཐོག་བོད་བཟོའི་ཁྱིམ་ཆས་རྙིང་པ་དང་། ཕྱེ་མར་འབོ། སྒྲ་སྙན། ཇ་མདོང་། སྤོས་གཞོང་སོགས་ཡོད་པ་དང་། ལྷ་སའི་འགྲེམས་ཁང་གཞན་དང་མི་འདྲ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་ཡོད། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ས་གནས་ས་ཐོག་ཏུ་སྤོས་བཟོ་བ་དང་ཐང་ག་བྲིས་ནས་ལྟ་སྐོར་བྱེད་མཁན་ཚོར་བོད་ལྗོངས་ཀྱི་སྤོས་དང་ཐང་གའི་རིག་གནས་རྟོགས་ཐུབ་པར་བྱས་ཡོད།
         འགྲེམས་ཚོགས་ཐོག་པེ་ཅིང་ཚོང་གཉིས་ཚོགས་པའི་མངར་ཆ་དང་ཐ་མག་ཨ་རག་ཚད་ཡོད་ཀུང་སི་དང་ལིའུ་པི་ཅུས་བཟའ་བཅའ་ཚད་ཡོད་ཀུང་སི་སོགས་ཁེ་ལས་5ཡིས་ལྷ་སའི་ས་གཙང་ཚོང་དོན་ཚད་ཡོད་ཀུང་སི་དང་མཉམ་ལས་གྲོས་མཐུན་བཞག་སྟེ་ས་ཁུལ་གཉིས་ཀྱི་ཁེ་ལས་ཕྱོགས་ཡོངས་ནས་མཉམ་ལས་བྱ་རྒྱུར་རྨང་གཞི་བཏིང་བ་རེད།
         ད་ཐེངས་ཀྱི་འགྲེམས་ཚོགས་དེ་ནི་པེ་ཅིང་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་དང་། དཔལ་འབྱོར་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། པེ་ཅིང་གྲོང་ཁྱེར་ཚོང་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ཚེས་19ཉིན་བར་འཚོག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།