འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱིས་དབང་དུ་སྒྱུར་བའི་ཁ་ཆེ་ས་ཁུལ་གྱི་རྟེན་གཞི་ཞིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་19ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་གར་གྱིས་དབང་དུ་སྒྱུར་བའི་ཁ་ཆེ་ས་ཁུལ་གྱི་རྟེན་གཞི་ཞིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་རྒྱ་གར་དམག་ཕྱོགས་ཀྱིས་ར་སྤྲོད་བྱས་པ་ལྟར་ན། ཟླ་9ཚེས་18ཉིན་རྒྱ་གར་གྱིས་དབང་དུ་སྒྱུར་པའི་ཁ་ཆེ་ས་ཁུལ་གྱི་རྒྱ་གར་རྐང་དམག་གི་རྟེན་གཞི་ཞིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པས། ཉུང་མཐར་ཡང་རྒྱ་གར་གྱི་དམག་མི་17ཤི་བ་དང་མི་30ལ་རྨས་སྐྱོན་ཕོག་པ་རེད། འཇབ་རྒོལ་བྱེད་མཁན་མི་4ཡང་དམག་འཐབ་བྱེད་པའི་ཁྲོད་བསད་པ་རེད།
         རྒྱ་གར་དམག་ཕྱོགས་ཀྱིས་གསལ་བསྒྲགས་ཤིག་གི་ནང་དུ་འཇབ་རྒོལ་འདི་ནི་ཟླ་9ཚེས་18ཉིན་གྱི་ཞོགས་པར་ཐེབས་པ་དང་། ཚེས་17ཉིན་གྱི་དགོང་མོར་འཇིགས་སྐུལ་པ་4རྒྱ་གར་དང་ཕ་ཁི་སི་ཐན་གྱི་མཐའ་མཚམས་བརྒལ་ནས་རྒྱ་གར་གྱིས་དབང་དུ་སྒྱུར་བའི་ཁ་ཆེ་ས་ཁུལ་བྱང་རྒྱུད་ཀྱི་རྒྱ་གར་རྐང་དམག་བཀོད་འདོམས་ལྟེ་གནས་སུ་ཕྱིན་ཏེ་འཇབ་རྒོལ་བྱས་པ་རེད་ཅེས་བརྗོད་པ་རེད། རྒྱ་གར་རྒྱལ་སྲུང་པུའུ་ཡིས་རྨས་སྐྱོན་ཕོག་པའི་དམག་མི་30གནམ་གྲུའི་ཐོག་ནས་རྒྱ་གར་གྱི་དབང་དུ་སྒྱུར་བའི་ཁ་ཆེ་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལི་ན་ཅའི་རྐང་དམག་སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེའི་ནང་མི་གཉིས་ཀྱི་རྨས་ཚུལ་ཚབས་ཆེ་བ་རེད་ཅེས་བརྗོད་པ་རེད། 
         རྒྱ་གར་དམག་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་ཐེབས་པ་ནི་ལོ་ངོ་26རིང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནང་རྒྱ་གར་གྱི་རྐང་དམག་ལ་ཤི་རྨས་ཚབས་ཆེ་ཤོས་ཐེབས་པའི་ཐེངས་ཤིག་རེད། འདི་ལོའི་ཟླ་7པ་ནས་བཟུང་རྒྱ་གར་གྱིས་དབང་དུ་སྒྱུར་བའི་ཁ་ཆེ་ས་ཁུལ་གྱི་གནས་བབ་ཛ་དྲག་ཆེ་རུ་སོང་བ་དང་། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་བ་ལས་མི་80ལྷག་རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་པ་རེད།
    ༄༅།།རྒྱ་གར་གྱིས་དབང་དུ་སྒྱུར་བའི་ཁ་ཆེ་ས་ཁུལ་གྱི་རྟེན་གཞི་ཞིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པ།
    ༄༅།།རྒྱ་གར་གྱིས་དབང་དུ་སྒྱུར་བའི་ཁ་ཆེ་ས་ཁུལ་གྱི་རྟེན་གཞི་ཞིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པ།
    ༄༅།།རྒྱ་གར་གྱིས་དབང་དུ་སྒྱུར་བའི་ཁ་ཆེ་ས་ཁུལ་གྱི་རྟེན་གཞི་ཞིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པ།
      

    ཕྱོགས་བསྡུས་གསར་འགྱུར།