འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྣོད་བཅུད་ཀྱི་རྩ་བའི་གནས་སྟངས་ལ་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨུ་ལྷན་དེས་གཉེར་བའི་རྒྱལ་སྤྱིའི་རང་བྱུང་ཁམས་ཀྱི་ལྟ་ཞིབ་དུས་ཆེན་ལ་དབྱིན་ཇི་དང་། ཨ་རི། འཇར་མན། རང་རྒྱལ་ཁབ་སོགས་ཀྱི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་མཁན་ཞུགས་ནས་དེ་གའི་འབྲོག་པ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་གི་སྣོད་བཅུད་ཀྱི་རྩ་བའི་གནས་སྟངས་ལ་བརྟག་དཔྱད་བྱས་པ་མ་ཟད། ཐག་ཉེ་ས་ནས་གསའ་དང་ཤྭ་བ་མཆུ་དཀར་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་པར་ལེན་ཡང་བྱས་པ་རེད།
          དུས་ཡུན་རིང་པོར་གཙང་གསུམ་ཆུ་འགོའི་ས་ཆ་དངོས་ལ་བརྟག་དཔྱད་བྱེད་མཁན་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་ཀྲའོ་ཞང་གིས་ད་རེས་ཀྱི་རྩ་བའི་གནས་སྟངས་བརྟག་དཔྱད་བྱེད་རིང་། གཅན་གཟན་རིགས་10དང་། བྱ་རིགས་61 སྐྱེ་དངོས་རིགས་93ཡོད་པ་ཤེས་པའི་ནང་ཁག་གཅིག་ནི་གཙང་གསུམ་ཆུ་འགོར་མ་གཏོགས་མེད་པ་ཤེས་པ་དང་ཉུང་ཤས་ཤིག་ཐོ་རུ་འགོད་ཐེངས་དང་པོ་ཡིན་པ་རེད། གཞན་ཡང་། དབྱིན་ཇི་ནས་ཡོང་བའི་སྣོད་བཅུད་སྲུང་སྐྱོང་མཁན་ཐང་རུའེ་ཡིས་ལག་ཐོགས་ཁ་པར་གྱིས་སྨི་300མ་ཟིན་ཙམ་ནས་གསའ་ལ་ལྟ་ཞིབ་བྱས་ཏེ་ཆུ་ཚོད་གཉིས་ཙམ་གྱི་པར་ལེན་བརྙན་ཕབ་ཐུབ་སོང་ཞེས་ངོ་སྤྲོད་བྱས།
          “གཙང་གསུམ་ཆུ་འགོའི་ས་ཆ་དངོས་ལ་ཚན་ཞིབ་བྱེད་པར་ཡོང་མཁན་ཧ་ཅང་ཉུང་ཉུང་ཡིན་པས། སླད་ཕྱིན་དེ་ལྟའི་བྱ་བར་དམངས་ཁྲོད་ནས་རྒྱ་ཁྱབ་ཞུགས་རྒྱུར་ལྕག་སྐུལ་བྱས་ནས་ཞན་ཆ་དེ་རིགས་གསབ་རྒྱུ་ཡིན”ཞེས་ཚེ་བརྟན་འབྲུག་གིས་བཤད་ཅིང་། ཁོང་གིས་སྣོད་བཅུད་སྲུང་སྐྱོང་མཁན་ཕུད་ས་གནས་དེ་གར་རྒྱུས་མངའ་ཆེ་བའི་འབྲོག་པས་ནུས་པ་ཆེན་པོ་བཏོན་དང་འདོན་བཞིན་ཡོད། ད་ཆ་རྫ་སྟོད་རྫོང་གི་དོ་དམ་ཨུ་ལྷན་གྱིས་འབྲོག་པ་80སྣོད་བཅུད་དོ་དམ་པར་བསྐོས་ནས་ཟླ་རེར་སྲིད་གཞུང་ནས་ཐོབ་ཆ་སྒོར་1800སྤྲོད་ཀྱི་ཡོད་ཅེས་བཤད།
          གཙང་གསུམ་ཆུ་འགོ་ནི་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་ལ་གནས་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ལ། ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་ཆུ་རྩ་གསོ་འཁྱོངས་ཁུལ་གྱི་གྲས་གལ་ཆེན་ཞིག་ཡིན་པ་ཡོངས་གྲགས་ངང་ཁས་ལེན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།