འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ཞོ་སྟོན་དུ་ལྷ་མོ་འཁྲབ་སྟོན་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་06ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་སའི་ཞོ་སྟོན་དུ་ལྷ་མོ་འཁྲབ་སྟོན་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ།
         མི་དམངས་དྲ་བའི་འཕྲིན།  ཞོ་སྟོན་དུས་ཆེན་གྱི་སྐབས་སུ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ནོར་བུ་གླིང་ཁ་རུ་ལྷ་མོ་འཁྲབ་སྟོན་འགྲན་བསྡུར་བྱེད་པ་དེས་རྒྱ་ཆེའི་བོད་རིགས་དམངས་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཧ་ཅང་མང་པོའི་ཡིད་དབང་འཕྲོག་པ་རེད། བོད་ཀྱི་ལྷ་མོའི་ཟློས་གར་ནི་ད་ལྟའི་བར་དུ་ལོ་ངོ་600ལྷག་གི་ལོ་རྒྱུས་ལྡན་པ་དང་། པེ་ཅིང་ཁྲང་ཞི་ལས་ལོ་400ཡིས་སྔ་བ་ཡིན་ཞིང་། བོད་ཀྱི་རིག་གནས་ཀྱི་“འགྱུར་རྡོ་གསོན་པོ་”རུ་བསྔགས་བརྗོད་བྱེད་ཀྱི་ཡོད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་ཟློས་གར་གྱི་མིང་ཐོར་བདམས་ཐོན་བྱུང་བ་རེད། འདི་ནི་ཟླ་9ཚེས་3ཉིན་ལྷ་མོའི་ཟློས་གར་《འགྲོ་བ་བཟང་མོ་》འཁྲབ་བཞིན་པ།
     
    【1】  【2】  【3】
    ༄༅།།ལྷ་སའི་ཞོ་སྟོན་དུ་ལྷ་མོ་འཁྲབ་སྟོན་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ།
      

    ཕྱོགས་བསྡུས་གསར་འགྱུར།