འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”བྱ་སྤྱོད་ཀྱིས་བོད་དུ་སློབ་སྐྱོར་དབུལ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་09ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”བྱ་སྤྱོད་ཀྱིས་བོད་དུ་སློབ་སྐྱོར་དབུལ་སྐྱོར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན་རྒྱལ་ཡོངས་ཀྱི་ཞིང་ཆེན་28ནས་ཡོང་བའི་གཅེས་སེམས་དང་བླངས་པ་105བོད་རང་སྐྱོང་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གི་རྒྱ་མདའ་ཤང་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་དཔེ་ཁུག་དང་སྨན་རྫས་སོགས་སྒོར་ཁྲི་20ལྷག་ཙམ་རི་བའི་གཅེས་སེམས་དངོས་ཟོག་སྤྲད་པ་དང་། དང་བླངས་པས་གཅིག་གཏད་གཅིག་གི་རྣམ་པའི་ཐོག་ནས་སློབ་མ་དབུལ་པོ་22དང་ཆ་བསྒྲིགས་ནས་སློབ་གསོར་རོགས་སྐྱོར་བྱས་པ་རེད།
         ལོ་8ལ་སླེབས་པའི་རྡོ་རྗེ་མཚོ་མོའི་ཕ་ཆུང་དུས་ནས་གྲོངས་པ་དང་། ད་ཆ་ཁྱིམ་དུ་ལོ་ན་རྒས་པའི་རྨོ་བོ་དང་གཅུང་མོ་གཉིས་ཡོད་ལ། ཁོང་ཚོ་ཚང་མ་ཨ་མས་ཕྱུགས་འཚོ་སྐྱོང་དང་ཞོར་ལས་ཙག་ཙིག་བྱེད་པ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་རེད། དང་བླངས་པ་ཤུས་རེན་ཧུའེ་ཡིས་གནས་ཚུལ་དེ་དག་རྒྱུས་ལོན་བྱུང་རྗེས་དེ་མ་ཐག་ཏུ་རྡོ་རྗེ་མཚོ་མོའི་ད་ནས་བཟུང་སློབ་གྲྭ་མ་ཐོན་བར་གྱི་འགྲོ་སོང་ཚང་མ་སྤྲོད་རྒྱུའི་སེམས་ཐག་བཅད་པ་རེད།
         རྒྱ་མདའ་ཤང་ལྟེ་བའི་སློབ་ཆུང་གི་ཞའོ་ཀྲང་ལྷག་པ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་དེར་ཡོད་མུས་ཀྱི་སློབ་ཕྲུག་ཚང་མ་ཞིང་འབྲོག་པའི་བུ་ཕྲུག་ཡིན་ལ། ཁོང་ཚོར་ཡོང་འབབ་མང་པོ་མེད་པའི་ཁར། ཁྱིམ་ཚང་ཁ་ཤས་ཤིག་ངལ་རྩོལ་ནུས་ཤུགས་དཀོན་པ་དང་ནད་གཞི་བྱུང་བ་སོགས་ཀྱིས་རྐྱེན་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པ་རེད། དང་བླངས་པ་105ཡིས་ས་གནས་ས་ཐོག་ཏུ་ཞལ་འདེབས་བསྡུས་པར་སྒོར་ཁྲི་11ལྷག་ཙམ་བྱུང་བ་ཚང་མ་སློབ་ཕྲུག་ཚོའི་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ཐད་བཏང་བ་རེད།
         “ནང་སའི་གཅེས་སེམས་དང་བླངས་པ་ང་ཚོའི་སློབ་གྲྭར་ཡོང་ནས་གཅེས་སེམས་མཚོན་པ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་དགེ་རྒན་དང་། ཁྱིམ་བདག སློབ་ཕྲུག་བཅས་ཚང་མར་སེམས་འགུལ་ཆེན་པོ་ཐེབས་བྱུང”“ནང་སའི་དང་བླངས་པ་ཚོས་སློབ་ཕྲུག་ཚོར་དངོས་པོའི་ཐོག་ནས་རོགས་སྐྱོར་བྱས་པ་མ་ཟད། ད་དུང་བརྩེ་སེམས་ཀྱང་བརྒྱུད་སྤྲོད་བྱས་བྱུང་། གཅེས་སེམས་དང་དགེ་ལས་འདིའི་རིགས་ཀྱིས་སློབ་ཕྲུག་ཚོར་སློབ་སྦྱོང་ཡག་པོ་བྱ་རྒྱུའི་སྐུལ་མ་ཐེབས་ནས་མ་འོངས་པར་སྤྱི་ཚོགས་ལ་ཕན་ཐོགས་མཁན་ཞིག་ཏུ་འགྱུར་རྒྱུར་ང་ལ་ཡིད་ཆེས་ཡོད”ཅེས་ལྷག་པ་བསྟན་འཛིན་གྱིས་བཤད་པ་རེད།
         “ང་ཚོས‘སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད’ཀྱི་གཅེས་སེམས་ལས་སྟེགས་འཛུགས་དོན་ནི་རྒྱལ་ཡོངས་ས་གནས་ཁག་གི་གཅེས་སེམས་ཀྱི་སྟོབས་ཤུགས་དང་བོད་ཀྱི་མི་ཚོགས་དབུལ་པོ་གཉིས་སྦྲེལ་བྱེད་ཀྱི་སྒྲོག་ཐག་ལྟ་བུ་བཙུགས་ནས་ཕུགས་ཕན་གྱི་དབུལ་སྐྱོར་རོགས་སྐྱོར་ལམ་སྲོལ་ཞིག་འཛུགས་རེ་ཡིན” “ང་ཚོའི་བྱ་སྤྱོད་བརྒྱུད་མི་སྔར་བས་མང་བར་དབུལ་པོ་བྱམས་བརྩེས་སྐྱོང་རྒྱུར་འབོད་སྐུལ་བྱ་རྒྱུ་ཡིན”ཞེས་བོད་དུ་བཅའ་སྡོད“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་དྲུང་ཆེ་ཀྲའོ་ཧྲི་ལེས་བཤད་པ་རེད།
         “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ནི་རྒན་རྒོན་དང་བྱིས་པ་དང་དེ་བཞིན་མཐའ་མཚམས་དང་ས་ཁུལ་དབུལ་པོའི་མི་ཚོགས་དབུལ་པོར་བྱམས་སྐྱོང་དང་རོགས་སྐྱོར་བྱ་རྒྱུ་སྲོག་ཤིང་དུ་བྱས་པའི་གནས་དང་ཁ་ཕྱོགས་གཏན་འཁེལ་གྱི་བརྗོད་བྱ་གཙོ་བོའི་སྤྱི་ཕན་བྱེད་སྒོ་གཞི་ཁྱོན་ཆེན་པོ་ཞིག་ཡིན་ལ། 2010ལོ་ནས་བཟུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི“སེམས་མཐུན་འདུ་འགོད”ནང་དུ་བཅུག་ནས་མིང་ལ“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”འདུ་འགོད་ཅེས་བཏགས་པ་རེད། 2016ལོའི་ལོ་འགོ་བར་དུ་བྱེད་སྒོ་དེ་སི་ཁྲོན་དང་། ཉིང་ཞ། ཀན་སུའུ། བོད་ལྗོངས་བཅས་ལ་ཁྱབ་ཅིང་། རིམ་རྩིས་བརྒྱབ་ན་དང་བླངས་པ་ཁྲི་3ལྷག་ཙམ་སྒྲིག་འཛུགས་བྱས་ནས་དངུལ་དང་དངོས་ཟོག་སྒོར་དུང་ཕྱུར་1ལས་བརྒལ་བ་ཞལ་འདེབས་བརྒྱབ་པར་མང་ཚོགས་ཁྲི་40ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”བྱ་སྤྱོད་ཀྱིས་བོད་དུ་སློབ་སྐྱོར་དབུལ་སྐྱོར་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།