འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་རིག་གནས་པུའུ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཧྲའན་ཤིས་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་ནུབ་རྒྱུད་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཤིས་ཨན་དུ་འགོ་ཚུགས་ཤིང་། ད་རེས་ཀྱི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱིས“སྒྱུར་བཅོས་དང་གསར་གཏོད། མཉམ་འདྲེས། འཕེལ་རྒྱས”བཅས་བརྗོད་དོན་གཙོ་བོར་བྱས་ནས་གྲོང་མིར་རིན་མི་དགོས་པར་འགྲེམས་ཁང་ཡོངས་སྒོ་མོ་ཕྱེ་བ་རེད།
          རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་གྲས་ཤིག་ཡིན་པའི་ནུབ་རྒྱུད་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ལོ་ངོ་11བརྒྱུད་ནས། ད་ཆར་ཀྲུང་གོའི་རིག་གནས་ཐོན་ལས་ཀྱི་སྤྱིའི་སྟོབས་ཤུགས་མངོན་སའི་གར་སྟེགས་ཤིག་དང་། རང་རྒྱལ་གྱིས་རྒྱལ་སྤྱིའི་རིག་གནས་ཁྲོམ་རའི་དབར་གླེང་མོལ་དང་། མཉམ་ལས། ཉོ་ཚོང་བཅས་བྱེད་པའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་ནུབ་རྒྱུད་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ནང་རྒྱལ་ཡོངས་ཀྱི་ཞིང་ཆེན་14དང་ས་ཁུལ་དང་གྲོང་ཁྱེར་35འགྲེམས་ཞུགས་བྱས་པ་དང་། འགྲེམས་ཞུགས་ཚོང་པ་623 དམིགས་བསལ་འགྲེམས་ཞུགས་ཚོང་པ་86བཅས་ཡོད་པ་དེ་དུས་མཚུངས་ཀྱི་སྐབས་སྔོན་མ་དང་བསྡུར་ན་20%འཕར་ཡོད་ཅིང་། ཚོགས་ཞུགས་གཞི་ཁྱོན་དང་འགྲེམས་ཞུགས་ཚོང་པ་ཉིད་སྐབས་སྔོན་མ་དང་བསྡུར་ན་ཆེས་ཆེར་བརྒལ་ཡོད་པ་རེད།
         དེ་དང་ཆབས་ཅིག་སྐབས་འདིའི་ནུབ་རྒྱུད་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱིས་ད་དུང་རིག་གནས་ཐོན་ལས་དང་གློག་བརྙན་བརྙན་འཕྲིན་ཐོན་ལས་ཀྱི་མཐོ་རིམ་གླེང་སྟེགས་གཉེར་རྒྱུ་མ་ཟད། ཧྲེན་ཀྲེན་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་དང་མཉམ་ལས་བྱས་ཏེ་ལེགས་ཆའི་ཐོན་ཁུངས་འབྲེལ་མཐུད་བྱས་ཏེ། རྣམ་པ་གསར་པའི་ཕན་ཚུན་མཉམ་འདྲེས་གསར་གཏོད་ཐབས་ལམ་དུ་བྱེད་པ་དང་། དར་གོས་ལམ་བུའི་གློག་བརྙན་བརྙན་འཕྲིན་རིག་གནས་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་རིམ་གླེང་སྟེགས་སྦྲེལ་ཟམ་དུ་བྱེད་པ། ཚོགས་འདུ་དང་། འགྲེམས་སྟོན། ལམ་འཁྲབ། མ་འཇོག་དང་མ་རྩ་མཉམ་འདུའི་འབྲེལ་མཐུད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། ཀྲུང་གོའི་ཕུལ་བྱུང་གི་རིག་གནས་གྲུབ་འབྲས་དང་ཁྱད་འཕགས་ཀྱི་རིག་གནས་ཐོན་རྫས་གཅིག་སྡུད་ཐོག་སྟོན་པ་དང་། རིག་གནས་ཁྲོམ་རའི་སྤེལ་རེས་ཞབས་ཞུར་ཤུགས་སྣོན་རྒྱག་པ། རིག་གནས་ཐོན་ལས་དང་རྣམ་པ་གསར་པའི་ཕན་ཚུན་མཉམ་འདྲེས་གསར་གཏོད་ཀྱི་འཕེལ་རྒྱས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།