འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་གི་འགྲན་བསྡུར་
    སྐབས་གཉིས་པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་06ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་གི་འགྲན་བསྡུར་
སྐབས་གཉིས་པ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་གི་འགྲན་བསྡུར་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་འགོ་ཚུགས་པ་རེད།      
         སྐབས་འདིའི་འགྲན་བསྡུར་ནི་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་གནང་བ་དང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བ། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་བསྡུར་དོ་དམ་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རོགས་གཉེར་བྱས་པ་རེད།      
         སྐབས་འདིའི་འགྲན་བསྡུར་གྱིས་“རྒྱུན་འཛིན་དང་། ཁྱད་ཆོས་ལྡན་པ། གསར་གཏོད། འཕེལ་རྒྱས་”བཅས་བརྗོད་བྱ་གཙོ་བོར་བྱས་ཤིང་། དེང་རབས་ཀྱི་སྲོལ་རྒྱུན་གཞུ་དང་། མཉམ་འདུས་གཞུ(复合弓)། རྭ་གཞུ། གཞུ་རིང་བཅས་གཞུ་རིགས་བཞི་དང་འགྲན་བསྡུར་རྣམ་གྲངས་5བཀོད་སྒྲིག་བྱས་ཡོད་པ་རེད། རྒྱལ་ཁབ་དང་ས་གནས་23ནས་ཡོང་བའི་རུ་ཁག་121དང་ལུས་རྩལ་པ་950འགྲན་བསྡུར་ལ་ཞུགས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་གི་འགྲན་བསྡུར་
སྐབས་གཉིས་པ་འགོ་ཚུགས་པ།
    ༄༅།།ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་གི་འགྲན་བསྡུར་
སྐབས་གཉིས་པ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།