འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་བོད་ཀྱི་གྲོང་ཚོ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གསེར་མདོག་ཅན་གྱི་ཉི་འོད་ཕྱོགས་བཞི་མཚམས་བརྒྱད་ཀྱི་རི་རྩེར་འཕྲོ་སྐབས་བོད་རིགས་ཞིང་པ་སྐལ་བཟང་རྡོ་རྗེས་རྟ་ཁམ་པ་འཁྲིད་དེ་རི་ནས་བབས་ཏེ་ཡུལ་སྐོར་བ་ཁག་གཉིས་པ་བསུ་བར་བྲེལ། དུས་དེ་ནི་དབྱར་སྟོད་ཡིན་ཞིང་། དེ་དུས་ནས་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་པོ་ཡོད། ད་ཆ། ཁོང་ཞོགས་ལྟར་ཆུ་ཚོད་7པར་ལངས་ནས་རྟ་ལ་ཆག་སྟེར་བ་དང་རྟ་སྒ་བརྒྱབ་རྗེས་ཆུ་ཚོད་9པར་ཡུམ་བུ་བརླ་མཁར་གྱི་གཤམ་དུ་བསྐྱོད་དེ་ཉིན་གཅིག་གི་ལས་ཀ་འགོ་ཚུགས་ཀྱི་ཡོད།
          ལོ་དྲུག་བཅུ་ལ་སོན་པའི་སྐལ་བཟང་རྡོ་རྗེ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་གྲོང་ཚོའི་གྲོང་མི་རེད། ཁོང་གི་ཁྱིམ་དུ་ནང་མི་5ཡོད་པ་ཚང་མ་ད་ཆ་ཡུལ་སྐོར་ལས་རིགས་ནང་ཞུགས་ཡོད། ཁོང་ཚོའི་གྲོང་ཚོར་ཁྱོན་བསྡོམས་དུད་ཚང་145དང་མི་547ཡོད་པ་ཚང་མ་བོད་རིགས་རེད། དེའི་ནང་ནས་80%ཡུལ་སྐོར་ལས་རིགས་ནང་ཞུགས་ཡོད། ན་ནིང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14361ཟིན་པའི་ནང་ཡུལ་སྐོར་ཡོང་འབབ་སྒོར་3300ཟིན་གྱི་ཡོད།
         དེ་སྔ། སྨོན་གྲོང་སྒང་གྲོང་ཚོའི་གྲོང་མིས་ས་ཞིང་བཏབ་ནས་འཚོ་ཐབས་བྱེད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བཟུང་། གྲོང་ཚོའི་ཉེ་འགྲམ་གྱི་ཡུམ་བུ་བརླ་མཁར་དུ་ལྟ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ཡོད། ཡུལ་སྐོར་བ་དེ་གར་རྟ་བཞོན་པ་དང་། དངོས་ཟོག་ཉོ་བ། ཁ་ལག་བཟའ་བ་བཅས་བྱེད་དགོས་པས་གྲོང་མི་ཚོར་དེ་ནས་ཚོང་རྒྱག་པའི་གོ་སྐབས་བྱུང་བ་རེད།
          ལམ་ཐུར་ཞིག་བརྒྱུད་ནས་གྲོང་ཚོར་སྐྱོད་སྐབས་འགྲོ་ལམ་གཡས་གཡོན་དུ་བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཐོག་སོ་གཉིས་ལྡན་ཁང་པ་སྟར་པ་སྒྲིག་ནས་ཡོད་པ་དང་འགྲོ་ལམ་གྲལ་འགྲིག་ལ་གཙང་སྦྲ་དོད་པ། འགྲོ་ལམ་ཐོག་རླངས་འཁོར་འགྲོ་འོང་མང་པོ་ཡོད། བོད་རིགས་ཁྱིམ་ཚང་དུ་བསྐྱོད་རྗེས་འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་འཚོ་བ་དེས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་། ཁྱིམ་ཚང་ཚང་མར་བརྙན་འཕྲིན་དང་། ཁ་པར། གློག་ཀླད་སོགས་དེང་རབས་ཅན་གྱི་གློག་ཆས་འདུག་ལ། ཁྱིམ་ཚང་མི་ཉུང་བ་ཞིག་ལ་གཟུགས་འཁྲུའི་ཡོ་བྱད་ཀྱང་འདུག ཡ་མཚན་ཆེ་བ་ཞིག་ནི་ཁྱིམ་དུ་མི་མང་པོ་མི་འདུག རྗེས་སུ་མི་གཞན་ལ་སྐད་ཆ་དྲིས་པ་བརྒྱུད་གཞི་ནས་གཞོན་ནུ་མང་ཆེ་བ་གྲོང་ཚོའི་ཉེ་འཁོར་གྱི་ཚོང་ཁང་དང་ཟ་ཁང་སོགས་སུ་ལས་ཀ་བྱེད་པར་ཕྱིན་པ་ཤེས་བྱུང་།
          གྲོང་ཚོའི་ཤར་ཕྱོགས་སུ་གནས་པའི་བོད་ཀྱི་ལོ་རྒྱུས་ཐོག་གི་མཁར་ལ་སྔ་བའི་ཡུམ་བུ་བརླ་མཁར་ད་ཆ་བོད་བརྒྱུད་ནང་བསྟན་གྱི་དགོན་པར་གྱུར་ཡོད། གྲོང་ཚོའི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་ནི་མི་ཚོས་ཡུམ་བུ་བརླ་མཁར་གྱི་བཀའ་དྲིན་ལས་བྱུང་བ་ཞིག་རེད་ཅེས་བརྗོད་ཀྱི་ཡོད་ཀྱང་གྲོང་ཚོའི་ཡུལ་མི་སྤུན་ཟླ་མང་ཆེ་བས་ཏང་གི་སྲིད་ཇུས་ཡག་པོ་དང་སྲིད་གཞུང་གི་རྒྱབ་སྐྱོར་མེད་ཚེ་ད་ལྟའི་འཚོ་བ་ཡག་པོ་འདི་འདྲ་ཡོང་མི་སྲིད་པ་ཤེས་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།