འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་09ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།2016ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་གྱི་ཕྱི་དྲོ། 2016ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ་རེད། ཉིན་བདུན་གྱི་རིང་ལ་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་མགྲོན་གྲོགས་དང་མཉམ་དུ་མེ་ཏོག་གིས་བསྐོར་བའི་གླིང་གའི་ནང་སྤྲོ་གསེང་གཏོང་བ་དང་། གླུ་གར་དང་ཟས་ཞིམ་གྱི་དཔལ་ལ་རོལ་བའི་དགའ་སྤྲོའི་ཁྲོད་དུ་གནས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མཛའ་བཤེས་མྱོང་བ་དང་མཉམ་ལས་ཀྱི་གོ་སྐབས་གསར་དུ་བསྐྲུན་ཡོད་པ་རེད།
         ཟླ་9ཚེས་1ཉིན་གྱི་སྐྱ་རེངས་ཆུ་ཚོད་3པའི་སྟེང་གསར་འགོད་པ་འབྲས་སྤུངས་དགོན་པའི་ཐེངས་འདི་ཞོ་སྟོན་གྱི་གོས་སྐུ་བཤམས་པའི་ཆོས་ལུགས་ཀྱི་མཛད་སྒོར་ཞུགས་པར་ཕྱིན་པ་དང་། ལམ་བར་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་མང་པོ་དང་འཕྲད་ཅིང་། ཆུ་ཚོད་7པའི་ཡས་མས་སུ་འབྲས་སྤུངས་དགོན་གྱི་དགེ་འདུན་ཚོས་གོས་སྐུའི་ཞལ་ཐང་ཆེན་མོ་གོས་སྐུ་བཤམས་སའི་སྟེགས་བུར་བསུས་པ་དང་། མི་མང་ཚོའི་རེ་སྒུག་གནང་བའི་མིག་དབང་ཁྲོད་རིང་ཐུང་ལ་སྨི་40དང་ཞེང་ཁར་སྨི་37ཡོད་པའི་གོས་སྐུའི་ཞལ་ཐང་ཆེན་མོ་སྟེགས་བུའི་སྟེང་ནས་དལ་བུར་བཤམས་པ་རེད།
         ཟླ་9ཚེས་1ཉིན་ནས་ཚེས་3ཉིན་བར་དུ་བོད་ལུགས་མིག་མངས་ཁྱབ་སྤེལ་འཁྲབ་སྟོན་འགྲན་བསྡུར་བྱས་ཤིང་། སློབ་གྲྭ་ཆུང་འབྲིང་བཅུ་བདུན་ནས་ཕེབས་པའི་བོད་ལུགས་མིག་མངས་ལ་དགའ་པོ་བྱེད་མཁན་བརྒྱ་ལྷག་གིས་མིང་ཐོ་བཀོད་ནས་འགྲན་བསྡུར་ནང་ཞུགས་པ་རེད། 
         ཟླ་9ཚེས་1ཉིན་ནས་ཚེས་7ཉིན་བར་དུ། དུས་ཡུན་ཉིན་7རིང་གི་བོད་ཀྱི་ལྷ་མོ་འགྲན་བསྡུར་ཆེན་མོ་སྐབས་བཞི་པ་དང་བོད་ཀྱི་ལྷ་མོའི་འགྲེམས་འཁྲབ་སྐབས་ལྔ་པ་ལྷ་ས་གྲོང་ཁྱེར་གྱི་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་ནས་གཉེར་ཞིང་། གྲོང་མི་དང་ཡུལ་སྐོར་བ་མང་པོ་ལྟད་མོ་བལྟ་བར་བཀུག་པ་རེད། ཐེངས་འདིའི་ལྷ་མོའི་ཟློས་གར་འགྲེམས་འཁྲབ་ནང་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ་བཅས་གྲོང་ཁྱེར་གསུམ་གྱི་དམངས་ཁྲོད་ལྷ་མོའི་ཟློས་གར་ཚོགས་པ་ཕུལ་བྱུང་7ཞུགས་ཡོད་པ་དང་། འགྲན་བསྡུར་དང་འགྲེམས་འཁྲབ་ལ་ཞུགས་པའི་ལྷ་མོའི་ཟློས་གར་ས་ཁོངས་ཀྱི་ཁྱད་ཆོས་དང་འཁྲབ་རྒྱུན་སོ་སོའི་ཁྱད་ཆོས་ཟབ་པོ་ལྡན་པ་རེད།
    ༄༅།།2016ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ།
    ༄༅།།2016ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ།
    ༄༅།།2016ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།