འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སློབ་ཡོན་མི་ལེན་པའི་སྒོ་ནས་འབྲོག་པ་ལྷ་རིས་པ་གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་05ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་སྔོན་གྱིས་སློབ་ཡོན་མི་ལེན་པའི་སྒོ་ནས་འབྲོག་པ་ལྷ་རིས་པ་གསོ་སྦྱོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་དབུལ་ཕོངས་འབྲོག་པ་མང་ཚོགས་དབུལ་ཕོངས་ལས་གྲོལ་བར་བྱ་ཆེད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་གྲོང་སྡེའི་རེབ་གོང་རི་མོ་ཁང་གིས་ལྷ་རིས་པ་གསོ་སྦྱོང་བྱེད་པར་བརྟེན་ནས་དབུལ་ཕོངས་འབྲོག་པ་ཚོ་དབུལ་འགྲོལ་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པར་རོགས་རམ་བྱས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། 2010ལོའི་ཟླ་11པ་ནས་བཟུང་རེབ་གོང་རི་མོ་ཁང་གིས་མཚོ་སྔོན་ཞིང་ཆེན་ཁུལ་དྲུག་བོད་ཁུལ་གྱི་དབུལ་ཕོངས་འབྲོག་པ་ཁྱིམ་དུད་ཀྱི་འབྲོག་པ་བརྒྱ་ལ་ཉེ་བ་བསྡུས་ནས་རི་མོ་ཁང་དུ་དུས་ཡུན་ལོ་ལྔའི་རིང་དུ་སློབ་ཡོན་མི་ལེན་པར་ལྷ་རིས་སློབ་སྦྱོང་བྱེད་དུ་བཅུག་ཅིང་། དམིགས་ཡུལ་ནི་འབྲོག་པ་ཚོར་ཡོན་ཏན་སྣ་གཅིག་ཤེས་སུ་བཅུག་ནས་ཡོང་སྒོ་འཕར་སྣོན་ཡོང་བར་བྱ་རྒྱུ་ཡིན་པ་དང་དུས་་མཚུངས་སུ་རེབ་གོང་གི་ལྷ་རིས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་རེད། རི་མོ་ཁང་དུ་སློབ་སྦྱོང་བྱེད་མཁན་སློབ་མ་ཚོས་སློབ་ཡོན་མི་དགོས་པའི་སྒོ་ནས་ལྷ་རིས་སློབ་སྦྱོང་བྱེད་ཐུབ་པ་མ་ཟད། ཉིན་རེར་ད་དུང་མི་དམངས་ཤོག་སྒོར་200ལྷག་གི་འཚོ་བའི་ཁ་གསབ་རོགས་དངུལ་ཡང་ཡོད་པ་དང་། ལོ་ལྔའི་སློབ་སྦྱོང་དུས་ཡུན་ཐིམ་རྗེས་ད་རུང་མུ་མཐུད་དུ་རི་མོ་ཁང་དུ་བསྡད་དེ་སློབ་མ་གསར་པ་ཚོར་ལྷ་རིས་སློབ་ཁྲིད་བྱས་ཆོག་པ་རེད། འདི་ནི་ཟླ་9ཚེས་2ཉིན་རེབ་གོང་རི་མོ་ཁང་གི་སློབ་མ་ཚོས་བློ་གཅིག་སེམས་གཅིག་གིས་ཐང་ག་འབྲི་བཞིན་པ།
    ༄༅།།མཚོ་སྔོན་གྱིས་སློབ་ཡོན་མི་ལེན་པའི་སྒོ་ནས་འབྲོག་པ་ལྷ་རིས་པ་གསོ་སྦྱོང་བྱས་པ།
    ༄༅།།མཚོ་སྔོན་གྱིས་སློབ་ཡོན་མི་ལེན་པའི་སྒོ་ནས་འབྲོག་པ་ལྷ་རིས་པ་གསོ་སྦྱོང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།