འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་སྟེང་གི་བཀའ་བསྟན་རྡོ་བརྩིགས་ཆེ་ཤོས་ལ་རྟོག་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་02ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འཛམ་གླིང་སྟེང་གི་བཀའ་བསྟན་རྡོ་བརྩིགས་ཆེ་ཤོས་ལ་རྟོག་ཞིབ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། གསར་འགོད་པས་འཛམ་གླིང་སྟེང་གི་བཀའ་བསྟན་རྡོ་བརྩིགས་ཆེ་ཤོས་ཏེ། ཧོར་བཀའ་བསྟན་རྡོ་བརྩིགས་ཆེན་མོར་རྟོག་ཞིབ་བྱེད་པར་ཕྱིན་པ་དང་། ཧོར་བཀའ་བསྟན་རྡོ་བརྩིགས་ཆེན་མོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་རྫོང་སྲིད་གཞུང་གནས་ས་དང་བར་ཐག་སྤྱི་ལེ་75ཡོད་སའི་ཧོར་དགོན་པའི་རྒྱབ་ཏུ་གནས་པ་རེད། ཧོར་བཀའ་བསྟན་རྡོ་བརྩིགས་ཆེན་མོའི་མཐོ་ཚད་ལ་སྨི་3དང་ཞེང་ཚད་ལ་སྨི་2.5ཡོད་པ་དང་། རིང་ཐུང་ལ་སྨི་200ཡོད་ཅིང་། རྡོ་བརྐོས་ཀྱི་ནང་དོན་གཙོ་བོ་《བཀའ་འགྱུར་》དང་། 《བསྟན་འགྱུར།》 《ཤེར་ཕྱིན་གྱི་མདོ་》བཅས་ཡིན་ཞིང་། ཧོར་བཀའ་བསྟན་རྡོ་བརྩིགས་ཆེན་མོ་ནི་བོད་ཡིག་གི་དམ་པའི་ཆོས་བརྐོས་ཡོད་པའི་རྡོ་ལེབ་ཆེ་ཆུང་མི་འདྲ་བ་མང་པོ་བརྩིགས་ནས་གྲུབ་ཅིང་དམ་པའི་ཆོས་ཀྱི་ཡིག་འབྲུ་དུང་ཕྱུར་2ལས་བརྒལ་བ་ཡོད་པ་རེད། འདིར་བཞེངས་པའི་མ་ཎི་རྡོ་འབུམ་གཞན་གསུམ་ཡང་བསྣན་ན་སྤྱིའི་རིང་ཚད་ལ་སྨི་300ལ་ཉེ་བ་ཡོད་པ་དང་། མ་ཎི་རྡོའི་ངོས་སུ་དམ་པའི་ཆོས་བརྐོས་ཡོད་པ་མ་ཟད། ད་རུང་སྐུ་འདྲ་ཆེ་ཆུང་མི་འདྲ་བ་དང་། རི་མོ། ནང་བསྟན་གྱི་སྒྲུང་སོགས་2000ལྷག་བརྐོས་ཡོད་པས་མཐོང་རྒྱུ་ཧ་ཅང་དཀོན་པའི་མིས་བཟོས་མཛེས་ལྗོངས་ཡིན་ཞིང་། “འཛམ་གླིང་སྟེང་གི་ངོ་མཚར་ཆེ་བའི་རྡོ་དཔེ་”ཞེས་པའི་མཚན་སྙན་ཐོབ་པ་རེད། པར་རིས་འདི་ནི་བོད་རིགས་འབྲོག་པ་ཚོས་ཧོར་བཀའ་བསྟན་རྡོ་བརྩིགས་ཆེན་མོར་བསྐོར་ནས་སྨོན་ལམ་འདེབས་བཞིན་པ།
    ༄༅།།འཛམ་གླིང་སྟེང་གི་བཀའ་བསྟན་རྡོ་བརྩིགས་ཆེ་ཤོས་ལ་རྟོག་ཞིབ་བྱས་པ།
    ༄༅།།འཛམ་གླིང་སྟེང་གི་བཀའ་བསྟན་རྡོ་བརྩིགས་ཆེ་ཤོས་ལ་རྟོག་ཞིབ་བྱས་པ།
    ༄༅།།འཛམ་གླིང་སྟེང་གི་བཀའ་བསྟན་རྡོ་བརྩིགས་ཆེ་ཤོས་ལ་རྟོག་ཞིབ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།