འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལི་དབུས་རྒྱུད་དུ་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་250ལ་འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་ཐ་ལི་དབུས་རྒྱུད་དུ་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་250ལ་འཕར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན་དབྱི་ཐ་ལི་རྒྱལ་ཁབ་ཀྱི་དམངས་འགོག་ཅུས་ཀྱིས་སྤེལ་བའི་ཆ་འཕྲིན་གསར་ཤོས་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་དབུས་རྒྱུད་ས་ཁུལ་དུ་ཚེས་24ཉིན་ས་ཡོམ་བྱུང་བ་ལས་ཉུང་མཐར་ཡང་མི་གྲངས་250རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་365ལ་རྨས་སྐྱོན་ཕོག་པ་རེད།
          མིག་སྔར་མྱུར་སྐྱོབ་ལས་དོན་སྔར་བཞིན་སྤེལ་གྱིན་ཡོད་ཅིང་། མྱུར་སྐྱོབ་མི་སྣ་ཚོས་རྡིབ་ལོག་བྱུང་བའི་ཁང་རོའི་ཁྲོད་ནས་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་མི་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།
          དབྱི་ཐ་ལི་རྒྱལ་ཁབ་སའི་གོ་ལའི་དངོས་ལུགས་དང་མེ་རི་ཞིབ་འཇུག་ཁང་གིས་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། ས་ཡོམ་བྱུང་བ་ནས་ས་གནས་དེ་གའི་དུས་ཚོད་ཚེས་25ཉིན་གྱི་སྔ་དྲོའི་བར་དུ་འབྲེལ་ཡོད་ས་ཁུལ་དུ་ཡོམ་འཕྲོ་ཐེངས་460བྱུང་བ་རེད། ཨན་ཧྲ་གསར་འགྱུར་ཁང་གི་གནས་འཕྲིན་སྤེལ་བ་ལྟར་ན། ཚེས་25ཉིན་ཡོམ་འཕྲི་རིམ་པ་4.3ཐེངས་ཤིག་བྱུང་བ་ལས་དེ་སྔོན་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ལེ་ཐི་ཞིང་ཆེན་ཨ་མཱ་ཐེ་ལི་ཆི་གྲོང་ཁྱེར་དུ་བཟོ་བཀོད་སྔར་ལས་མང་བ་རྡིབ་ལོག་བྱུང་བ་རེད།
           ཉིན་དེའི་དུས་སྔ་ཙམ་དུ་དམངས་འགོག་ཅུས་འཕྲལ་སྒྲུབ་ལས་དོན་གཙོ་གཉེར་ཏི་ཏི་•ཕོ་སི་ཏི་ལིའོ་ནེ་ཡིས་རོ་མ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྐྱེན་ལམ་དུ་ཤོར་བའི་མི་གྲངས་247ལ་འཕར་བ་དང་། གཞི་གྲངས་མཚམས་ཆད་མེད་པར་འགྱུར་བཞིན་ཡོད་ཅེས་བརྗོད་པ་རེད།
          ཨན་ཧྲ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་24ཉིན་གྱི་དགོང་མོར་གནོད་ཐེབས་མང་ཚོགས་མང་ཆེ་བ་སྐབས་འཕྲལ་ཕུབ་པའི་རས་གུར་ནང་བསྡད་པ་རེད།
          དབྱི་ཐ་ལི་རྒྱལ་ཁབ་སྲིད་གཞུང་གིས་ཚེས་24ཉིན་རྒུད་སྐྱོབ་དུ་སྤྱོད་རྒྱུའི་མ་དངུལ་ཡོ་སྒོར་དུང་ཕྱུར་2.34བཏང་བ་ཁྱབ་བསྒྲགས་བྱས། ཚེས་25ཉིན་དབྱི་ཐ་ལི་རྒྱལ་ཁབ་སྲིད་གཞུང་གིས་མྱུར་སྐྱོབ་མ་དངུལ་ཁག་དང་པོ་ཡོ་སྒོར་ཁྲི་5000གི་བཀོད་སྒྲིག་འཆར་གཞི་གཏན་འབེབས་བྱས་ནས་གནོད་ཐེབས་ས་ཁུལ་གྱི་འཕྲལ་མྱུར་རོགས་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་ཡོངས་བསྒྲགས་བྱས་པ་རེད།
          ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་24ཉིན་གྱི་ཞོགས་པའི་ཆུ་ཚོད་3དང་སྐར་མ་36(པེ་ཅིང་དུས་ཚོད་ཚེས་24ཉིན་གྱི་ཆུ་ཚོད་9དང་སྐར་མ་36)ཐོག དབྱི་ཐ་ལི་རྒྱལ་ཁབ་ཀྱི་དབུས་རྒྱུད་ས་ཁུལ་དུ་ས་ཡོམ་རིམ་པ་6.0བྱུང་བ་དང་། ཆུ་ཚོད་གཅིག་གི་རྗེས་སུ་ཉེ་འགྲམ་ས་ཁུལ་དུ་ཡང་བསྐྱར་ས་ཡོམ་རིམ་པ་5.4བྱུང་བ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།དབྱི་ཐ་ལི་དབུས་རྒྱུད་དུ་ས་ཡོམ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་250ལ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།