འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་སྟོང་སྐོར་གྱི་གནའ་ལམ་དངོས་མང་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་སྟོང་སྐོར་རྫོང་རྡོ་ཉི་ཟླའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གནས་པའི་གནའ་ལམ་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དངོས་སུ་སྒོ་ཕྱེ་བ་རེད། མཚོ་སྔོན་སྐར་མ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་ལོ་གཅིག་ལ་ཉེ་བར་འབད་བརྩོན་བྱས་པ་བརྒྱུད་མཛེས་ལྗོངས་ཁུལ་དེ་རིམ་སྤོར་གསར་བརྗེས་ཐུབ་པ་བྱུང་ཡོད།
         གནའ་ལམ་རིག་དངོས་འགྲེམས་སྟོན་དེ“ཤེས་དཔལ་བརྒྱུད་སྤྲོད་དང་གནའ་ལམ་འབྱེད་པ”དང“མི་རིགས་མི་འདྲ་བའི་དབར་འགྲོ་འོང་དང་ཀྲུང་གོ་དང་ཕྱི་རྒྱལ་དབར་གྱི་འགྲུལ་བཞུད་བྱ་ཡུལ”ཞེས་པ་གཉིས་སུ་བགོས་ཡོད། འགྲེམས་ཁང་ནང་རིག་དངོས་མང་པོ་བཤམས་ཡོད་པ་ལས། དེ་གའི་ཚོན་རྫའི་རིག་གནས་དང་འ་ཞའི་རིག་གནས་གཙོ་བོར་བསྟན་པའི་ནང་སྔ་མས་མཚོ་སྔོན་ཚོན་རྫའི་འབྱུང་གནས་ཡིན་པའི་གནས་བབ་དང་། ཕྱི་མས་དར་གོས་ལམ་བུའི་མཚོ་སྔོན་ལམ་དུ་དར་རྒྱས་ཅི་བྱུང་དཔང་རྟགས་ལེགས་པར་བྱས་ཡོད།
         མཚོ་སྔོན་ཞིང་ཆེན་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་པུའི་ཀྲུའུ་རེན་ཧོང་ཕེ་ཕེ་ཡིས་རྡོ་ཉི་ཟླ་ནི་ཡུལ་ལུང་གི་འབྱེད་མཚམས་གལ་ཆེན་ཞིག་སྟེ། རང་རྒྱལ་གྱི་དུས་རླུང་ས་ཁུལ་ཡིན་མིན་འབྱེད་པའི་རྟགས་ཤིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཁུལ་དང་འབྲོག་ཁུལ་འབྱེད་པའི་མཚམས་ཀྱང་ཡིན་པ་མ་ཟད། ལོ་རྒྱུས་ཐོག་དར་གོས་ལམ་བུའི་ལྷོ་ལམ་དང་། ཐང་བོད་གནའ་ལམ་སོགས་བརྒྱུད་དགོས་ངེས་ཀྱི་ལམ་དང་མི་རིགས་མང་པོ་འདུས་སྡོད་བྱ་ཡུལ་གཙོ་བོ་ཞིག་ཀྱང་རེད་ཅེས་གསར་འགོད་པར་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།