འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་བྱིས་པ་པདྨ་རིན་གྲགས་ལ"སླར་ཡང"འཛུམ་མདངས་རྒྱས་སུ་བཅུག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་25ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་རིགས་བྱིས་པ་པདྨ་རིན་གྲགས་ལ'སླར་ཡང'འཛུམ་མདངས་རྒྱས་སུ་བཅུག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23ཉིན་ཧར་པིན་གྲོང་ཁྱེར་སྨན་ཁང་དང་པོས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ནས་ཡོང་བའི་བྱིས་པ་པདྨ་རིན་གྲགས་ལ་མཆུ་རྐན་གཉིས་ཤོ་བསྐྱར་གསོའི་བཤགས་བཅོས་ལེགས་འགྲུབ་བྱས་པ་རེད། པདྨ་རིན་གྲགས་ཀྱི་ཕ་མ་ནི་འབྲོག་པ་ཡིན་པ་དང་། ལོ་འཁོར་མོར་རི་བོར་ཕྱུགས་འཚོ་དགོས་པས། ཟླ་གཉིས་རེར་རི་ནས་ཐེངས་རེ་བབས་ཏེ་ཕྲུ་གུ་ལྟ་བར་ཡོང་གི་ཡོད། པདྨ་རིན་གྲགས་དང་ཨ་མེས་གཉིས་དཀར་མཛེས་རྫོང་ཐོག་ཏུ་འཚོ་བ་སྐྱེལ་བཞིན་ཡོད། ཟླ་8པའི་ཟླ་དཀྱིལ་ནས་བཟུང་ཧར་པིན་གྲོང་ཁྱེར་སྨན་ཁང་དང་པོས་“ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩའི་ལྷན་ཚོགས་”དང་“འཛུམ་མདངས་དགེ་བའི་ལས་ཐེབས་རྩ་ལྷན་ཚོགས་”གཉིས་དང་ལག་གདང་སྦྲེལ་ནས་སྤྱི་ཕན་བྱེད་སྒོ་ཆེན་པོ་སྤེལ་ནས་རྒྱལ་སྤྱིའི་མགལ་གདོང་ཕྱི་ནད་ཚན་ཁག་དང་། མཛེས་བཟོ་དབྱིབས་བཅོས་ཕྱི་ནད་ཚན་ཁག སྦྲིད་བཟི་ཚན་ཁག་སོགས་ཀྱི་སྨན་བཅོས་ཆེད་མཁས་ཚོགས་པ་ཆེད་མངག་གདན་ཞུ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་གི་མཆུ་རྐན་གཉིས་ཤོ་བྱིས་པ་ཚོར་སྨན་རིན་མི་དགོསཔར་བཤགས་བཅོས་སྨན་བཅོས་བྱས་པ་མ་ཟད། དཀའ་ངལ་དམིགས་བསལ་ཆེ་བའི་ཁྱིམ་ཚང་གི་བྱིས་པ་དང་ཁྱིམ་བདག་ལ་རིན་མི་དགོས་པའི་ཟས་སྡོད་མཁོ་འདོན་ཡང་བྱས་ཤིང་། པདྨ་རིན་གྲགས་ནི་རིན་མི་དགོས་པར་བཤགས་བཅོས་བྱས་པའི་བྱིས་པ་ཞིག་རེད།
    【1】  【2】  【3】
    ༄༅།།བོད་རིགས་བྱིས་པ་པདྨ་རིན་གྲགས་ལ'སླར་ཡང'འཛུམ་མདངས་རྒྱས་སུ་བཅུག་པ།
      

    ཕྱོགས་བསྡུས་གསར་འགྱུར།