འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ནེའུ་ཙི་ལན་གྱིས་ཡན་ཡུང་མིང་གི་རྒྱུ་ནོར་གཞུང་བཞེས་དང་དངུལ་ཆད་བཅད་པ་ནི་ཀྲུང་གོ་
    དང་ནེའུ་ཙི་ལན་དབར་མཉམ་ལས་བྱས་པའི་དུས་མཚམས་རང་བཞིན་གྱི་
    གྲུབ་འབྲས་ཤིག་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ནེའུ་ཙི་ལན་གྱིས་ཡན་ཡུང་མིང་གི་རྒྱུ་ནོར་གཞུང་བཞེས་དང་དངུལ་ཆད་བཅད་པ་ནི་ཀྲུང་གོ་དང་ནེའུ་ཙི་ལན་དབར་མཉམ་ལས་བྱས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད་ཅེས་བརྗོད་པ་རེད།
         ཡན་ཡུང་མིང་ནི་སྔོན་མ་ཅི་ལིན་ཐུང་ཧྭ་ཅིན་མཱ་སྨན་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་པ་དང་གོ་གནས་ཉེས་གསོག་གི་དོགས་གཞི་ཡོད་པས་2001ལོའི་ཟླ་11པར་ནེའུ་ཙི་ལན་དུ་བྲོས་བྱོལ་དུ་ཕྱིན་པ་ཞིག་རེད། 2005ལོའི་ཟླ་8ཚེས་22ཉིན་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ལ་འདུན་ཞུ་ཕུལ་ནས་ཡན་ཡུང་མིང་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་བ་རེད།
         གོང་ཚེས་ཉིན་གྱི་ཕྱི་དྲོའི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ནེའུ་ཙི་ལན་ཉེན་རྟོག་ཕྱོགས་ཀྱིས་ཚེས་23ཉིན་གསལ་བསྒྲགས་སྤེལ་ནས་ནེའུ་ཙི་ལན་ཉེན་རྟོག་ཕྱོགས་ཀྱིས་ཡན་ཡུང་མིང་གི་བཙོག་དངུལ་གཙང་སྒྱུར་གྱི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་པའི་ཐད་བར་འདུམ་གྲོས་མཐུན་བཞག་པ་དང་འབྲེལ་མཐོ་རིམ་ཁྲིམས་ཁང་གི་ཆོག་མཆན་ཡང་ཐོབ་ཡོད། ཡན་ཡུང་མིང་གིས་དངུལ་ཆད་སྐྱེལ་རྒྱུ་རེད་ཅེས་བརྗོད་ཡོད། གྲུབ་འབྲས་དེ་ཐོག་ནས་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛིན་སྡེ་ཚན་དབར་གྱི་ནུས་ལྡན་གྱི་ལས་ཀའི་འབྲེལ་བ་མཚོན་ཡོད། ཀྲུང་གོ་དང་ནེའུ་ཙི་ལན་དབར་ཡན་ཡུང་མིང་གི་གྱོད་གཞི་དེའི་ཐད་མཉམ་ལས་བྱེད་མིན་གྱི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་གནང་རོགས། ཀྲུང་གོ་ཕྱོགས་ཀྱིས་ཡན་ཡུང་མིང་རང་རྒྱལ་ལ་རྩིས་སྤྲོད་རྒྱུའི་རེ་བ་བཏོན་ཡོད་དམ།
         ལུའུ་ཁང་གིས། འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ནེའུ་ཙི་ལན་ཉེན་རྟོག་ཕྱོགས་དང་དཔལ་འབྱོར་ཉེས་གསོག་དོགས་ཅན་ཡན་ཡུང་མིང་རྗེས་འདེད་འཛིན་བཟུང་དང་ཆབས་ཅིག་ཉེས་གསོག་ལས་བྱུང་བའི་ཐོབ་ཆ་རྗེས་འདེད་གཞུང་བཞེས་ཐད་ཐོག་མཐའ་བར་གསུམ་དུ་མཉམ་ལས་དམ་ཟབ་བྱས་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ད་རེས་ཡན་ཡུང་མིང་གི་རྒྱུ་ནོར་གཞུང་བཞེས་བཏང་བ་ནི་ཕྱོགས་གཉིས་མཉམ་ལས་བྱས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད། གོམ་སྟབས་རྗེས་མར་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ནེའུ་ཙི་ལན་ཉེན་རྟོག་ཕྱོགས་དང་མཉམ་དུ་ཡན་ཡུང་མིང་གི་གྱོད་གཞིའི་འབྲེལ་ཡོད་ཁྲིམས་འཛིན་མཉམ་ལས་ཐད་མུ་མཐུད་སྐུལ་མ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།