འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་གློག་བརྙན་《བོད་སྡོད་ཨམ་བན་》ཞེས་པ་ཕབ་སྐྲུན་བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལོ་རྒྱུས་གློག་བརྙན་《བོད་སྡོད་ཨམ་བན་》ཞེས་པ་ཕབ་སྐྲུན་བྱེད་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན། གློག་བརྙན་《བོད་སྡོད་ཨམ་བན་》ཞེས་པ་དེ་ལྷ་སའི་བོད་སྡོད་ཨམ་བན་ཡ་མོན་རྗེས་ཤུལ་དུ་ཕབ་སྐྲུན་བྱེད་འགོ་ཚུགས་པ་རེད། དེ་ནི་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་དབང་ལས་ཁུངས་ཀྱིས་དམག་མི་མངགས་ནས་ཕྱི་ཕྱོགས་ཀྱི་དགྲ་བོའི་བཙན་འཛུལ་ལ་ཕར་རྒོལ་བྱས་ཏེ་བོད་ས་གནས་ཀྱི་བདག་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་ནུས་ལྡན་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་ལོ་རྒྱུས་གལ་ཆེན་བརྗོད་བྱ་གཙོ་བོར་བྱས་པའི་གློག་བརྙན་ཞིག་རེད།
         གློག་བརྙན་དེ་ནི་པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་སོགས་ཀྱིས་མཉམ་འབྲེལ་ཐོག་ཕབ་སྐྲུན་བྱས་པ་དང་། འཁྲབ་གཞུང་རྩོམ་པ་པོ་ཝང་ཧའེ་ཕིང་དང་། འཁྲབ་ཁྲིད་འགན་འཁུར་བ་ཀྲའོ་ཉིང་ཡུས། འཁྲབ་མཁན་གཙོ་བོ་མཱ་ཡོན་དང་། ལི་ཞའོ་ལུང་། ཀྲུའུ་ཡིན། ཁྲེན་ཧྥ་རུང་སོགས་ཡིན་པའི་གློག་བརྙན་དེ་ལོ་མཇུག་ཏུ་ཕབ་སྐྲུན་ལེགས་གྲུབ་ཟིན་ནས་2017ལོའི་ལོ་འགོར་སྟོན་རྒྱུ་ཡིན་པ་རེད།
         འཁྲབ་འཁྲིད་པ་ཀྲའོ་ཉིང་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གློག་བརྙན་དེའི་ནང་བརྗིད་ཆགས་ཉམས་དང་ལྡན་པའི་ལོ་རྒྱུས་བཀོད་ཡོད། ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་ཕྲ་ཁོང་དུ་ཆུད་པ་བྱ་ཆེད། གཙོ་སྐྲུན་ཚོགས་པ་ལྷ་སའི་བོད་སྡོད་ཨམ་བན་ཡ་མོན་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། ཀུན་བདེ་ལྷ་ཁང་། གཞིས་རྩེ་བཀྲས་ལྷུན་དགོན་སོགས་སུ་བསྐྱོད་དེ་དམངས་སྲོལ་དང་ཡུལ་ལྗོངས་འཚོལ་བསྡུ་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་འཁྲབ་མཁན་འདེམས་རྒྱུའི་ཐད་དཀའ་ལས་མང་པོ་བརྒྱབ་ཡོད། གཙོ་སྐྲུན་ཚོགས་པས་ཤང་ཀང་གི་གློག་བརྙན་འཁྲབ་མཁན་ཀྲུའུ་ཡིན་གྱིས་བུད་མེད་མི་སྣ་གཙོ་བོ་ཟླ་བ་གཡང་འཛོམས་འཁྲབ་མཁན་ལ་གདན་དྲངས་པ་དང་། ཁོང་གིས་གློག་བརྙན་དེའི་ནང་བོད་ཀྱི་སྤྲུལ་སྐུའི་ཚ་མོ་ཞིག་གི་མི་ཚེའི་འཕོ་འགྱུར་ཆེན་པོ་བརྒྱུད་མཐར་རི་ཁྲོད་འགྲིམ་པའི་ལོ་རྒྱུས་འཁྲབ་རྒྱུ་དང་། ཤང་ཀང་གི་གློག་བརྙན་འཁྲབ་མཁན་ཁྲེན་ཧྥ་རུང་གིས་སྔོན་ཆད་ཀྱི་ཞི་ཞིང་འཇམ་པའི་རྣམ་པར་འགྱུར་ལྡོག་བཏང་སྟེ་བོད་རིགས་ཀྱི་དཔའ་མོ་ཧཱ་མོན་ཁྲུའུ་འཁྲབ་རྒྱུ་ཡིན་པ་རེད།༼པར་རིས་ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།༽
    ༄༅།།ལོ་རྒྱུས་གློག་བརྙན་《བོད་སྡོད་ཨམ་བན་》ཞེས་པ་ཕབ་སྐྲུན་བྱེད་འགོ་ཚུགས་པ།
    ༄༅།།ལོ་རྒྱུས་གློག་བརྙན་《བོད་སྡོད་ཨམ་བན་》ཞེས་པ་ཕབ་སྐྲུན་བྱེད་འགོ་ཚུགས་པ།
    ༄༅།།ལོ་རྒྱུས་གློག་བརྙན་《བོད་སྡོད་ཨམ་བན་》ཞེས་པ་ཕབ་སྐྲུན་བྱེད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།