འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་མིའི་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡིས་ཟླ་8ཚེས་22ཉིན་སྤེལ་བའི《2016ལོའི་ཀྲུང་གོའི་མིའི་རིགས་ཀྱི་འཕེལ་རྒྱས་སྙན་ཞུའི》ནང་བསྟན་པར།
    ད་ཕན་ལོ་ཤས་རིང་ཀྲུང་གོའི་མིའི་རིགས་ཀྱི་འཕེལ་རྒྱས་ཐད་ཡར་རྒྱས་ཆེན་པོ་ཕྱིན་ནས་མིའི་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་བའི་རྒྱལ་ཁབ་གྲས་སུ་སླེབས་ཡོད།
    ● 2014ལོར་ཀྲུང་གོའི་མིའི་རིགས་འཕེལ་རྒྱས་ཀྱི་སྟོན་གྲངས་0.727ཟིན་ནས་རྒྱལ་ཁབ(ས་ཁུལ)188ཀྱི་ཁྲོད་ཨང་90སླེབས་པ་དང་མིའི་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་བའི་རྒྱལ་ཁབ་གྲས་སུ་སླེབས་ཡོད།
    ● 1990ལོར་མིའི་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་པོར་གནས་པའི་རྒྱལ་ཁབ་47གྱི་ཁྲོད་ནས་ཀྲུང་གོ་ནི་མིག་སྔར་མིའི་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་བའི་རྒྱལ་ཁབ་གྲས་སུ་སླེབས་པའི་རྒྱལ་ཁབ་གཅིག་བུ་དེ་རེད།
    དཔལ་འབྱོར་མྱུར་པོ་འཕར་བ་དེས་ཀྲུང་གོའི་མིའི་རིགས་འཕེལ་རྒྱས་ཀྱི་ཡར་ཐོན་ཐད་ནུས་པ་ཧ་ཅང་གལ་ཆེན་ཐོན་ཡོད།
    ● 1980ལོ་ནས་2010ལོའི་བར་གྱི་ལོ་སུམ་ཅུའི་རིང་ཀྲུང་གོའི་དཔལ་འབྱོར་ཡོང་འབབ་སྟོན་གྲངས་འཕར་ཚད་གོ་ལ་ཧྲིལ་པོར་ཨང་དང་པོར་སླེབས་ཡོད།
    ● དཔལ་འབྱོར་འཕར་བ་དེས་མིའི་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་56.26%ཟིན་ཡོད། དེའི་ནང་1980ལོ་ནས་1990ལོའི་བར་ལེགས་སྐྱེས་འབུལ་ཚད་65.53%ཟིན་ཡོད།
    ཕྱོགས་གསུམ་གྱི་སྟོན་གྲངས་སྟེ།
    ● དཔལ་འབྱོར་ཡོང་འབབ་དང་། ● བདེ་ཐང་གནས་ཚུལ། ● སློབ་གསོ་ཐོབ་པའི་ཆུ་ཚད་བཅས་བརྒྱུད་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་བརྒྱུད་རིམ་ལྡན་པའི་དབྱེ་ཞིབ་དང་དཔྱད་དཔོག་བྱས་ཡོད།
    སྙན་ཞུའི་ནང་མིའི་རིགས་འཕེལ་རྒྱས་ཀྱི་སྟོན་གྲངས་གཞི་འཛིན་སར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།