འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་སྐོར་ཞིབ་རེས་འཁོར་བདུན་ལེགས་འགྲུབ་བྱས་ཏེ་ཏང་གི་རྩ་འཛུགས་117ལ་
    སྐོར་ཞིབ་བྱས་ཏེ་གནད་དོན་836ཤེས་རྟོགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ཏང་གིས་ཏང་སྐྱོང་དགོས་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་དགོས་པའི་བླང་བྱར་གཞིགས་ནས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུས་བཏོན་པའི་བླང་བྱ་རྣམས་ཆད་ལུས་མེད་པར་སྐོར་ཞིབ་ལས་དོན་ཁྲོད་དུ་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ཆབ་སྲིད་ཐོག་སྐོར་ཞིབ་བྱ་རྒྱུ་འབུར་ཐོན་དུ་འཛིན་པ་དང་། ལས་ཀའི་བྱ་རིམ་ཚད་ལྡན་དུ་གཏོང་བ། ལས་སྒྲུབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལས་སྒྲུབ་བླང་བྱ་ནན་པོ་འདོན་པ་བཅས་ཀྱི་སྒོ་ནས་སྐོར་ཞིབ་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ་རེད།
         ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་བ་དང་། ཏང་གི་འཛུགས་སྐྲུན་ཐད་ཆད་ཤོར་བྱུང་བ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་ནུས་ཞན་པ་སོགས་ཀྱི་གནད་དོན་དམ་འཛིན་གནད་སྨིན་དང་ལྟ་སྐུལ་ནན་པོ་བྱས་ནས་གོ་རིམ་གཏན་འབེབས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་ཁྲིམས་དང་སྒྲིག་ལམ་ལྟར་སྐོར་ཞིབ་དང་སྐོར་དཔྱོད་ཀྱི་ལས་དོན་སྤེལ་བ་རེད། མིག་སྔའི་བར་དུ་སྐོར་ཞིབ་རེས་འཁོར་བདུན་ལེགས་འགྲུབ་བྱས་ཏེ་ཏང་གི་རྩ་འཛུགས་117ལ་སྐོར་ཞིབ་བྱས་པ་དང་འབུར་ཐོན་གྱི་གནད་དོན་836ཤེས་རྟོགས་བྱུང་ཞིང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་སོགས་ལ་གནད་དོན་གྱི་ཁུངས་སྣེ་དང་འབྲེལ་ཡོད་བྱ་བ་390རྩིས་སྤྲོད་བྱས་ཡོད་པ་རེད། (བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས།)
      

    ཕྱོགས་བསྡུས་གསར་འགྱུར།