འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ལྷ་སའི་ཞོ་སྟོན་རིང་གུང་གསེང་བཀོད་སྒྲིག་བྱས་ཚུལ་སྐོར་གྱི་བརྡ་ཐོ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2016ལོའི་ལྷ་སའི་ཞོ་སྟོན་རིང་གུང་གསེང་བཀོད་སྒྲིག་བྱས་ཚུལ་སྐོར་གྱི་བརྡ་ཐོ།
         ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་སྡེ་ཚན་ཁག་ལ།
            《རྒྱལ་ཡོངས་ཀྱི་ལོ་གསར་དུས་ཆེན་དང་དྲན་གསོའི་ཉིན་མོར་གུང་གསེང་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་ཐབས་》གྱི་གཏན་འབེབས་ཏེ་"གྲངས་ཉུང་མི་རིགས་ཀྱི་གོམས་སྲོལ་ནི་གྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་ས་ཁུལ་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་དེ་ཉིད་ཀྱི་གོམས་སྲོལ་ལ་གཞིགས་ནས་གུང་གསེང་གཏོང་རྒྱུའི་ཉིན་མོ་གཏན་འབེབས་བྱ་རྒྱུ་"ཞེས་པའི་དགོངས་དོན་ལ་གཞིགས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་དགོངས་སྐོར་ཞུས་ཏེ་མོས་མཐུན་ཐོབ་པ་བརྒྱུད། 2016ལོའི་ཞོ་སྟོན་དུས་ཆེན་རིང་གུང་གསེང་གཏོང་དུས་སྐོར་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
          2016ལོའི་ཞོ་སྟོན་དུས་ཆེན་རིང་གུང་གསེང་གཏོང་རྒྱུ་དང་གུང་གསེང་ཉིན་མོར་ལེགས་སྒྲིག་བྱས་ཏེ་གུང་གསེང་ཉིན་བདུན་གཏོང་རྒྱུ་སྟེ། ཟླ་9ཚེས་1ཉིན་(གཟའ་ཕུར་བུ་)ནས་ཟླ་9ཚེས་7ཉིན་(གཟའ་ལྷག་པ་)བར་གུང་གསེང་གཏོང་རྒྱུ་དང་གུང་གསེང་ཉིན་མོར་ལེགས་སྒྲིག་བྱས་ཏེ་གུང་གསེང་གཏོང་རྒྱུ་ཡིན་ཞིང་། ཟླ་8ཚེས་28ཉིན་(གཟའ་ཉི་མ་)དང་ཟླ་9ཚེས་10ཉིན་(གཟའ་སྤེན་པ་)གཞུང་བཏང་ངལ་གསོ་ཉིན་མོ་གཉིས་དེ་ཟླ་9ཚེས་5ཉིན་(གཟའ་ཟླ་བ་)དང་ཟླ་9ཚེས་6ཉིན་(གཟའ་མིག་དམར་)གཉིས་ལ་ལེགས་སྒྲིག་བྱས་པ་དང་། ཟླ་8ཚེས་28ཉིན་(གཟའ་ཉི་མ་)དང་ཟླ་9ཚེས་10ཉིན་(གཟའ་སྤེན་པ་)གཉིས་ལ་རྒྱུན་ལྡན་ལྟར་ལས་ཀར་ཞུགས་དགོས་པ་རེད།
            སྡེ་ཚན་ཁག་གིས་ལས་རེས་དང་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་བཀོད་སྒྲིག་འོས་འཚམས་ལེགས་པོར་བྱ་དགོས་ཤིང་། གལ་སྲིད་གློ་བུར་དུ་དོན་རྐྱེན་ཚབས་ཆེན་བྱུང་ན། གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད་ཐག་གཅོད་འོས་འཚམས་བྱས་ནས་མི་དམངས་མང་ཚོགས་བཀྲ་ལ་ཤིས་ཤིང་བདེ་འཇགས་ངང་དུས་ཆེན་གྱི་གུང་གསེང་གཏོང་བར་འགན་ལེན་ཏན་ཏིག་བྱ་དགོས།
                                                                                              ཆེད་དོན་དུ་བརྡ་ཐོ་བཏང་བ།
                                                                                              ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས།
                                                                                              2016ལོའི་ཟླ་8ཚེས་18ཉིན།
      

    ཕྱོགས་བསྡུས་གསར་འགྱུར།