འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཐག་རིང་གི་གྲོང་གསེབ་ཏུ་བདེ་འཇགས་བློས་འགེལ་ངང་གློག་སྤྱོད་ཐུབ་པའི་
    གནད་དོན་མུ་མཐུད་ཐག་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་ལྗོངས་ཀྱི་རེས་འཁོར་གསར་པའི་ཚོང་འདུས་གྲོང་རྡལ་དང་ལྟེ་བའི་གྲོང་ཚོའི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལས་གྲྭ་དངོས་སུ་སྒྲུབ་འགོ་བརྩམས་པ་དང་། སྒྱུར་བཀོད་རིམ་སྤོར་གྱི་རེས་འཁོར་དེ་ནི་བོད་ཀྱིས་ཐག་རིང་ཞིང་འབྲོག་ཁུལ་ལ་བདེ་འཇགས་དང་། བརྟན་པོ། བློས་འགེལ་ཆོག་པ་བཅས་ཀྱི་གློག་ཤུགས་འགན་ལེན་བྱེད་པའི་རྒྱུན་བསྲིང་བྱ་སྤྱོད་ཅིག་ཡིན། ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད། ཚོད་རྩིས་བྱས་ན། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས་མ་དངུལ་སྒོར་དུང་ཕྱུར་119བཏང་ནས་བོད་ཀྱི་མི་འབོར་ཁྲི་162ཀྱི་གློག་གི་གནད་དོན་སྔར་བས་ཐག་གཅོད་དང་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། དེ་བོད་ཀྱི་ས་ཁུལ་(གྲོང་ཁྱེར)7དང་རྫོང་61གི་ཚོང་འདུས་གྲོང་རྡལ་དང་ལྟེ་བའི་གྲོང་ཚོ་3100ལྷག་ཙམ་ལ་ཁྱབ་པ་བྱ་རྒྱུ་རེད།
         ཉིན་དགུང་ཞིག་ལ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ཐོན་ཕུ་གྲོང་ཚོའི་ཞིང་པ་ཀུན་བཟང་གིས་རང་ཁྱིམ་ལ་གློག་གི་ཆུ་ཚོད་བསྒར་བ་དང་། གློག་སྐུད་འཁྲིད་མཁན་གློག་ཤུགས་ལས་བཟོ་ཚོར་དྲི་ཞིམ་འཐུལ་བའི་ཇ་བསྲུབ་མ་དང་བཙོས་མ་ཐག་པའི་བོད་བྱའི་སྒོ་ང་འཁྱེར་ཡོང་སྟེ། ཁོ་ཚོས་འོད་སྣང་དང་སྒུལ་ཤུགས་སྦྱིན་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཐོན་ཕུ་གྲོང་ཚོར་དུད་ཚང་22དང་མི་གྲངས་147ལས་མེད་པ་དང་2013ལོར་གྲོང་ཚོ་དེས་ཉི་འོད་ནུས་པའི་གློག་ཤུགས་བེད་སྤྱོད་བཏང་ནའང་། གློག་ཤུགས་བརྟན་པོ་མེད་པའི་རྐྱེན་གྱིས་གྲོང་མི་ཚོའི་ཐོན་སྐྱེད་དང་འཚོ་བར་རྟག་ཏུ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད། ཐོན་ཕུ་གྲོང་ཚོའི་གློག་ཤུགས་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དེ་ཐོག་ནས་རྒྱལ་ཁབ་ཀྱིས་གཤམ་སྤེལ་བྱས་པའི་2015ལོའི་བོད་ཀྱི་གསར་འཕར་ཞིང་དྲ་18ཀྱི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད། ད་རེས་ཀྱི་སྒྱུར་བཀོད་ལ་བརྟེན་ནས་དུད་ཚང་11235ཡི་མི་ཁྲི་5.1ལྷག་ཙམ་གྱི་གློག་གི་གནད་དོན་ཐག་གཅོད་དང་ལེགས་སྒྱུར་བྱས་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གྲོང་གསེབ་གློག་དྲ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་90.84བཏང་ནས་བོད་ཀྱི་གློག་དྲ་གཙོ་བོ་ཁྱབ་ཁྱོན་རྫོང་58ལ་རྒྱ་བསྐྱེད་བཏང་བ་དང་། དུད་ཚང་ཁྲི་12ཀྱི་མི་ཁྲི་47གྱི་གློག་གི་གནད་དོན་ཐག་གཅོད་དང་ལེགས་སྒྱུར་བྱས་ཏེ་བོད་ཀྱི་གློག་དྲ་གཙོ་བོ་སྣུར་སྲིང་ཁྱབ་ཁོངས་ཀྱི་གློག་མེད་པའི་མི་འབོར་གྱི་གློག་གི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།