འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱིས་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་འགོ་ཁྲིད་
    ལས་བྱེད་པ་མེད་པ་བཟོས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་འགོ་ཁྲིད་ལས་བྱེད་པ་མེད་པ་བཟོ་རྒྱུ་དེ་མི་སྣ་འདེམས་སྤྱོད་ཡག་པོ་མི་བྱེད་པའི་སྲོལ་ངན་བཅོས་སྒྲིག་གི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་མེད་པ་བཟོ་བའི་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་ལས་བྱེད་པ་ཚང་མ་མེད་པ་བཟོས་ཚར་བ་རེད།
         ཟི་ལིང་གྲོང་ཨུད་རྩ་འཛུགས་པུས་གྲོང་ཁྱེར་སྒྲིག་ཁོངས་གཞུང་དོན་ཁང་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། གྲོང་ཁྱེར་ནོར་སྲིད་ཅུས་བཅས་དང་མཉམ་དུ་ལས་ཁུངས་ཁག་གི་སྒྲིག་ཁོངས་སྡེ་ཚན་གྱིས་ཞིབ་བཤེར་གཏན་འཁེལ་བྱས་པའི་འགོ་ཁྲིད་ཀྱི་གྲངས་ཚད་དང་འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་བཤེར་གཏན་འཁེལ་བྱས་པའི་འགོ་ཁྲིད་མ་ཡིན་པའི་གྲངས་ཚད་གཉིས་དང་ཞིབ་བསྡུར་བྱས་ཐོག་གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བསྐོ་གཞག་བྱས་པའི་གནས་ཚུལ་ལ་རང་བཤེར་བྱེད་པའི་ལས་དོན་སྤེལ་ནས། རྩ་འཛུགས་མི་དོན་སྡེ་ཚན་གྱི་འགོ་ཁྲིད་ལས་བྱེད་པའི་མིང་ཐོ་དང་། ལས་ཁུངས་སྒྲིག་ཁོངས་སྡེ་ཚན་གྱི་སྒྲིག་ཁོངས་ལག་དེབ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ལས་བྱེད་པའི་གླ་ཕོགས་ཞིབ་བཤེར་རེའུ་མིག ནོར་སྲིད་སྡེ་ཚན་གྱི་མི་སྣའི་གླ་ཕོགས་སྤྲད་ཐོ་བཅས“ཐོ་བཞི་གཞི་གཅིག་ཏུ”བསྒྲིལ་པ་དང་། གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་རྒྱུ་རྐྱེན་དང་ཡང་ན་གོ་གནས་སྟོང་པར་བསྐྱུར་པའི་གནས་ཚུལ་དུས་ཐོག་ཏུ་དབྱེ་ཞིབ་གསལ་པོ་བྱས་ཐོག་ཞིབ་ཕྲའི་ཐག་གཅོད་བཅོས་སྒྲིག་ཇུས་གཞི་ཡང་བཏོན་ནས། གཞི་གྲངས་ཁ་གསལ་དང་། གནད་དོན་གནད་འཁེལ། འགན་འཁྲི་ཁ་གསལ་བཅས་ཡོང་བར་བྱས་ཏེ་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་ལས་བྱེད་པ་མེད་པ་བཟོ་རྒྱུའི་འགན་ལེན་བྱས་པ་རེད།
         དེ་དང་ཆབས་ཅིག་གནས་སྤར་བསྐོ་གཞག་དང་། ལས་གནས་བརྗེ་བ། སྤེལ་རེས་བྱེད་པ། ལས་འཁྱུར་ངལ་གསོ་རྒྱག་པ་སོགས་ཀྱི་བྱེད་ཐབས་ཀྱང་སྤྱད་དེ་བྱ་གཞག་ཚན་པའི་རིགས་དབྱེ་སྒྱུར་བཅོས་དང་ཟུང་འབྲེལ་བྱས་ཐོག་ཕྱོགས་ཡོངས་དང་ཐབས་ལམ་མང་པོ་ནས་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་ལས་བྱེད་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་མེད་པ་བཟོས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། གོ་གནས་སྤོར་རྩིས་ཡོད་པའི་ལས་བྱེད་པ་ཡོད་སའི་ཚན་པའི་གོ་གནས་གྲངས་ཚད་སྙན་ཞུ་འབུལ་རྒྱུ་དང་དམིགས་བསལ་གནས་ཚུལ་ལ་མཆན་འགོད་བྱ་རྒྱུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་གྱིས་ལས་ཁུངས་སྒྲིག་ཁོངས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་གྲངས་ཚད་ལས་བརྒལ་ནས་སྒྲིག་འགལ་ངང་ལས་བྱེད་པ་བསྐོ་གཞག་གི་གནད་དོན་གསར་པ་མི་ཐོན་པ་བྱས་པ་རེད། མིག་སྔའི་བར་དུ། གྲོང་ཁྱེར་དེ་ཡོངས་ཀྱི་གྲངས་ཚད་ལས་བརྒལ་ནས་བསྐོ་གཞག་བྱས་པའི་རྫོང་རིམ་པའི་ལས་བྱེད་པ་21དང་ཁོའོ་རིམ་པའི་ལས་བྱེད་པ་82ཚང་མ་མེད་པ་བཟོས་ཚར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།