འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སྐད་སྒྱུར་མེད་རུང་གོ་ཐུབ་པའི"སྐད་ཆ"

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐད་སྒྱུར་མེད་རུང་གོ་ཐུབ་པའི'སྐད་ཆ'
         མི་དམངས་དྲ་བའི་འཕྲིན། ང་ཚོས་ཨོ་རྩལ་འགྲན་རའི་ཐོག་རྟེན་འབྲེལ་ཞུ་སྟངས་སྣ་ཚོགས་མཐོང་བ་དཔེར་ན། ལག་པ་བསྒྲེངས་ནས་དགའ་འབོད་བྱེད་པ་དང་ངར་སྐད་རྒྱག་པ་ལྟ་བུ་ཡིས་ཨོ་རྩལ་འགྲན་རའི་ཐོག་དགའ་བ་འབུམ་གྱིས་མྱོས་པ་དང་སྤྲོ་སེམས་རབ་ཏུ་བརྟས་པ་མཚོན་མོད། འོན་ཀྱང་རྟེན་འབྲེལ་ཞུ་སྟངས་གཞན་ཞིག་ནི་ཞི་ཞིང་དུལ་བའི་བརྩེ་བ་བཅངས་ནས་ལག་ཟུང་གིས"སྙིང"གི་གཟུགས་ཀྱི་ལག་བརྡ་སྟོན་ཏེ་གཉེན་ཉེ་དྲན་སེམས་དང་ཁ་གཏད་ལ་བརྩི་བཀུར་ཞུ་སེམས་མཚོན་ལ། ཨོ་ལིམ་ཕིག་སྙིང་སྟོབས་དུས་རྟག་ཏུ་སེམས་ནང་བརྟན་པོ་གནས་པ་དེ་བས་ཀྱང་མཚོན་གྱི་ཡོད། “སྙིང”གཟུགས་ལག་བརྡ་ནི་གཅིག་སེམས་གཅིག་ལ་སྦྲེལ་བ་དང་སྐད་སྒྱུར་མི་དགོས་པའི"སྐད་ཆ"ཞིག་ཡིན་པས། རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་ད་རེས་ཀྱི་ཨོ་ལིམ་ཕིག་འགྲན་རར་བརྩེ་སེམས་མཚོན་པར་བྱེད་པའི་དར་སྲོལ་ཞིག་ཏུ་གྱུར་ཡོད་པ་རེད། གོང་གི་པར་རིས་འདི་ནི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་སྨི་10000གི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་མཁན་དབྱིན་ཇིའི་བདམས་ཐོན་པ་ཧྥ་ལེ་ཧེ་(དཀྱིལ)ཡིས་བྱ་དགའ་ལེན་སའི་སྟེགས་བུའི་ཐོག་སྙིང་གཟུགས་ལག་བརྡ་སྟོན་ནས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ།༼བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།༽
    【1】  【2】  【3】  【4】  【5】  【6】  【7】
    འདི་ནི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་སྦེ་གའི་བུད་མེད་ཀྱི་སྤྱི་རྒྱ་78རིམ་པའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་མཁན་ཨ་རིའི་བདམས་ཐོན་པ་ཧ་ལི་སན་(གཡས)ཀྱིས་སྙིང་གཟུགས་ལག་བརྡ་སྟོན་ནས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ།
    འདི་ནི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་སྦེ་གའི་བུད་མེད་ཀྱི་སྤྱི་རྒྱ་78རིམ་པའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་མཁན་ཨ་རིའི་བདམས་ཐོན་པ་ཧ་ལི་སན་(གཡས)ཀྱིས་སྙིང་གཟུགས་ལག་བརྡ་སྟོན་ནས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།