འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ཞོ་སྟོན་ཟླ་9ཚེས་1ཉིན་ནས་ཚེས་7ཉིན་བར་གུང་གསེང་ཉིན་7གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་2016ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ནི་སྤྱི་ཟླ་9ཚེས་1ཉིན་ནས་ཚེས་7ཉིན་བར་གཏོང་རྒྱུ་ཡིན་པ་དང་། ཞོ་སྟོན་དུས་ཆེན་དུ"མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ལྷ་ས"ཞེས་པ་བརྗོད་བྱ་གཙོ་བོ་བྱེད་པ་དང་། "བདེ་འཇགས་དང་། སྟབས་བདེ། ཚད་ལྡན། དམངས་ཆེད"བཅས་ཀྱི་རྩ་དོན་ལ་གཞིགས་ནས་བྱེད་སྒོའི་རྣམ་གྲངས་ཁྱོན་བསྡོམས་ཆེ་གྲས་9དང་བྱེད་སྒོ་11བཅས་བཀོད་སྒྲིག་བྱས་ཡོད་པ་རེད།
         ཟླ་9ཚེས་1ཉིན་གྱི་དགོང་མོར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོ་ཁང་དུ་ཞོ་སྟོན་གྱི་འགོ་འཛུགས་མཛད་སྒོ་འཚོག་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་ཞོ་སྟོན་གྱི་སྲོལ་རྒྱུན་དམངས་སྲོལ་ལ་གཞིགས་ཏེ་ཟླ་9ཚེས་1ཉིན་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་གོས་སྐུ་བཤམ་རྒྱུ་རེད། གཞན་ད་དུང་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྷ་མོ་ཟློས་གར་འགྲན་བསྡུར་སྐབས་བཞི་པ་དང་ལྷ་མོ་ཟློས་གར་འཁྲབ་སྟོན་སྐབས་ལྔ་པ་སོགས་ཀྱང་སྤེལ་རྒྱུ་རེད།
         ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། 2016ལོའི་ཞོ་སྟོན་དུས་ཆེན་རིང་གུང་གསེང་ཉིན་བདུན་གཏོང་རྒྱུ་ཡིན་པ་སྟེ། ཟླ་9ཚེས་1ཉིན་(གཟའ་ཕུར་བུ)ནས་ཚེས་7ཉིན་(གཟའ་ལྷག་པ)བར་ངལ་གསོའི་ཉིན་མོ་ལེགས་སྒྲིག་བྱས་ཏེ་གུང་གསེང་གཏོང་རྒྱུ་ཡིན་ཞིང་། ཟླ་8ཚེས་28ཉིན་(གཟའ་ཉི་མ)དང་ཟླ་9ཚེས་10ཉིན་(གཟའ་སྤེན་པ་)གཞུང་བཏང་ངལ་གསོ་ཉིན་མོ་གཉིས་དེ་ཟླ་9ཚེས་5ཉིན་(གཟའ་ཟླ་བ)དང་ཟླ་9ཚེས་6ཉིན་(གཟའ་མིག་དམར)དང་ལེགས་སྒྲིག་བྱས་པ་དང་། ཟླ་8ཚེས་28ཉིན་(གཟའ་ཉི་མ་)དང་ཟླ་9ཚེས་10ཉིན་(གཟའ་སྤེན་པ་)གཉིས་ལ་རྒྱུན་ལྡན་ལྟར་ལས་ཀར་ཞུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།