འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ཆུ་རྐྱལ་ལུས་རྩལ་པ་ཁྲེང་ཞིན་དབྱིའི་ངར་ལངས་
    སྨན་རྫས་ཕོའི་རང་བཞིན་ལྡན་པའི་དོན་རྐྱེན་སྐོར་གསལ་བསྒྲགས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཟླ་8ཚེས་7ཉིན་སྐྱེས་མའི་སྨི་100ཡི་ཕྱེ་མ་ལེབ་རྐྱལ་རྩལ་གྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཨང་བཞི་པ་ཐོབ་པ།
    ཟླ་8ཚེས་7ཉིན་སྐྱེས་མའི་སྨི་100ཡི་ཕྱེ་མ་ལེབ་རྐྱལ་རྩལ་གྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཨང་བཞི་པ་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ཆུ་རྐྱལ་ལུས་རྩལ་པ་ཁྲེང་ཞིན་དབྱི་(陈欣怡)ཡི་ངར་ལངས་སྨན་རྫས་ཕོའི་རང་བཞིན་ལྡན་པའི་དོན་རྐྱེན་(兴奋剂阳性事件)སྐོར་གསལ་བསྒྲགས་སྤེལ་བའི་ནང་དོན་ཆ་ཚང་གཤལ་གསལ།
         ཟླ་8ཚེས་18ཉིན་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རང་རྒྱལ་གྱི་ཆུ་རྐྱལ་ལུས་རྩལ་པ་ཁྲེང་ཞིན་དབྱིའི་ངར་ལངས་སྨན་རྫས་ཕོའི་རང་བཞིན་ལྡན་པར་ཆད་གཅོད་སྐོར་གྱི་རྒྱལ་སྤྱིའི་ལུས་རྩལ་འདུམ་གཅོད་ཁྲིམས་རའི་གཏན་འབེབས་དངོས་སུ་འབྱོར་ནས་ལུས་རྩལ་པ་ཁྲེང་ཞིན་དབྱི་ཟླ་8ཚེས་7ཉིན་ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རིང་ངར་ལངས་སྨན་རྫས་ཞིབ་བཤེར་བྱེད་སྐབས་ཆིང་ཁིལ་སའེ་ཙིན་ཕོའི་རང་བཞིན་ལྡན་པ་ནི་ངར་ལངས་སྨན་རྫས་ཡིན་པས་སྒྲིག་ལམ་དང་འགལ་བ་ངོས་འཛིན་ངེས་གཏན་དངོས་སུ་བྱས་པ་མ་ཟད། ལུས་རྩལ་པ་དེ་ཉིད་ཀྱི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་ཡང་མེད་པར་བཟོ་བའི་ཆད་པ་བཅད་པ་རེད།
         ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་དོན་རྐྱེན་འདིའི་སྐོར་ལ་ཡིད་ཕམ་པ་ཧ་ཅང་ཆེན་པོ་བྱུང་ཞིང་། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་རྒྱལ་སྤྱིའི་ལུས་རྩལ་འདུམ་གཅོད་ཁྲིམས་རས་ལུས་རྩལ་པ་ཁྲེང་ཞིན་དབྱི་ལ་ཆད་པ་བཅད་པར་བརྩི་སྲུང་ཞུ་རྒྱུ་ཡིན། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ཕོའི་རང་བཞིན་ལྡན་པའི་དོན་རྐྱེན་བྱུང་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མིག་སྔར་ཀྲུང་གོའི་ཆུ་རྐྱལ་མཐུན་ཚོགས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱ་དགོས་པ་དང་། དོན་དངོས་ཞིབ་རྩད་དང་གནས་ཚུལ་དངོས་གསལ་རྟོགས་མགྱོགས་མྱུར་བྱ་དགོས་པའི་འགན་དཀྲིས་ཡོད། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་གནས་ཚུལ་ངོ་མར་གཞིགས་ཏེ་འབྲེལ་ཡོད་མི་སྣར་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།