འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྲུན་བཞིན་པའི་ནང་སོག་གི་མྱུར་བགྲོད་ལྕགས་ལམ་གྱི་ཀྲང་ཧུའུ་བར་གྱི་འགྲུལ་སྐྱེལ་
    ཆེད་སྤྱོད་ལྕགས་ལམ་ཐོག་མ་དེའི་འཁོར་ལམ་འདིང་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐྲུན་བཞིན་པའི་ནང་སོག་གི་མྱུར་བགྲོད་ལྕགས་ལམ་གྱི་ཀྲང་ཧུའུ་བར་གྱི་འགྲུལ་སྐྱེལ་
ཆེད་སྤྱོད་ལྕགས་ལམ་ཐོག་མ་དེའི་འཁོར་ལམ་འདིང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཀྲང་ཅ་ཁའུ་ནས་ཧུའུ་ཧོ་ཧའོ་ཐེ་བར་གྱི་ལྕགས་ལམ་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་ནི་ནང་སོག་གི་གསར་སྐྲུན་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་། ལམ་བར་དུ་ནང་སོག་ཧུའུ་ཧོ་ཧའོ་ཐེ་དང་། ཝུའུ་ལན་ཁྲ་པུའུ། ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་བཅས་བརྒྱུད་ཀྱི་ཡོད། ལམ་ཐག་ཧྲིལ་པོར་སྤྱི་ལེ་286.8དང་འཆར་འགོད་ཀྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་250ཟིན་པ་དང་། 2014ལོའི་ཟླ་7པར་ལས་འགོ་བཙུགས་པ་དང་འཆར་གཞི་ལྟར་ན་ལས་ཡུན་ལོ་4རེད། དེ་བསྐྲུན་རྗེས་སྐྲུན་བཞིན་པའི་ཅིང་ཀྲང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་སྦྲེལ་མཐུད་ཐུབ་ནས་ནང་སོག་དབུས་ནུབ་རྒྱུད་ཀྱི་པེ་ཅིང་དུ་བསྐྱོད་པའི་འགྲུལ་སྐྱེལ་མྱུར་བགྲོད་ལྕགས་ལམ་ལ་འགྱུར་རྒྱུ་རེད། སྐབས་དེ་དུས་ཧུའུ་ཧོ་ཧའོ་ཐེ་ནས་པེ་ཅིང་བར་ཆུ་ཚོད་གསུམ་ལས་འགོར་གྱི་མེད་ཅིང་། འདི་ནི་ཟླ་6ཚེས་22ཉིན་མཁའ་ཐོག་ནས་པར་བླངས་པའི་ཀྲང་ཧུའུ་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་ཝུའུ་ལན་ཁྲ་པུའུ་ནས་ཧུའུ་ཧོ་ཧའོ་ཐེའི་ལམ་དུམ་བུའི་འཁོར་ལམ་འདིང་ཡུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།