འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཧེའར་རྒྱ་གར་བཟོ་ལས་གླིང་གི་རྒྱ་བསྐྱེད་རྣམ་གྲངས་ལས་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཧེའར་ཚོགས་པའི་རྒྱ་གར་མ་ཧ་ལ་ཧྲེ་ཐ་ལ་མངའ་སྡེ་ཕུའུ་ན་གྲོང་ཁྱེར་དུ་གནས་པའི་ཧེའར་བཟོ་ལས་གླིང་གི་རྒྱ་བསྐྱེད་རྣམ་གྲངས་ཚེས་22ཉིན་ལས་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་2017ལོའི་ལོ་མཇུག་ཏུ་འཁོར་རྒྱུག་བྱ་ཐུབ་རྒྱུ་རེད། སྐབས་དེ་དུས་བཟོ་ལས་གླིང་གི་ཐོན་ནུས་ལྡབ་གཉིས་འཕར་ནས་ས་གནས་དེ་གར་ལས་ཞུགས་གོ་སྐབས་2000ཙམ་མཁོ་འདོན་ཐུབ་རྒྱུ་རེད།
         རྩིག་རྨང་འདིང་བའི་བཟོ་ཁང་གསར་པ་གཉིས་ནི་སྔར་ཡོད་བཟོ་ཁང་གི་བྱང་ངོས་སུ་གནས་པ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.6ཟིན་ཡོད། མཐའ་འཁོར་དུ་ད་དུང་ཆ་ལག་ཚང་བའི་གཞུང་ལས་ཁང་དང་། ཟ་ཁང་། ལས་ཤག་སོགས་གསར་བསྐྲུན་བྱས་པ་དེ་དག་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.5ཙམ་ཟིན་གྱི་ཡོད། བཟོ་ཁང་གསར་པ་དེ་འཁོར་རྒྱུག་བྱེད་འགོ་ཚུགས་རྗེས་འཁྱགས་སྒམ་ནས་གོས་འཁྲུ་འཕྲུལ་ཆས་དང་། དྲོད་གྲང་སྙོམས་སྒྲིག་འཕྲུལ་ཆས། ཆུ་སྐོལ་ཆས། བརྙན་འཕྲིན་སོགས་ལ་རྒྱ་བསྐྱེད་གཏོང་རྒྱུ་ཡིན་པས་ཐོན་ནུས་ལྡབ་གཉིས་འཕར་རྒྱུ་རེད། གསར་བསྣན་ཐོན་ནུས་ཀྱིས་རྒྱ་གར་གྱི་ཁྲོམ་རའི་དགོས་མཁོ་སྐོང་རྒྱུ་མ་ཟད། ད་དུང་འཛམ་གླིང་དབུས་ཤར་ས་ཁུལ་དང་། ཨ་ཧྥེ་རི་ཁ། ཨུ་རུ་སུ། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ། མེ་གླིང་ལྷོ་མ། ཨོ་གླིང་སོགས་སུའང་ཕྱིར་གཏོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།