འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མང་པོའི་ལས་རིགས་ཁག་གི་མི་སྣས་ལྷོ་རྒྱ་མཚོའི་གནད་དོན་དེ་ཐད་ཀའི་
    དོ་བདག་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་ཏེ་ཞི་བའི་ཐོག་ནས་
    ཐག་གཅོད་བྱེད་དགོས་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཧྥི་ལི་ཕིན་ཕྱོགས་རྐྱང་པས་བཏོན་པའི་ལྷོ་རྒྱ་མཚོའི་འདུམ་གཅོད་ཇུས་གཞིའི་ཐད་རྒྱལ་ཁབ་མང་པོའི་ལས་རིགས་ཁག་གི་མི་སྣས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་གནད་དོན་ཐད་ཐད་ཀའི་དོ་བདག་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་ཏེ་ཞི་བའི་ཐོག་ནས་ཐག་གཅོད་བྱེད་དགོས་པ་ལས། རྒྱལ་ཁབ་གཞན་གྱིས་ཐེ་ཇུས་བྱ་རྒྱུ་མེད་ཅེས་བཤད་པ་རེད།
         “རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ནས་ལྷོ་རྒྱ་མཚོའི་གླིང་ཕྲན་གྱི་ཀྲུང་གོའི་བདག་དབང་ཁས་ལེན་བྱེད་ཀྱི་ཡོད”མོ་རི་ཐ་ནི་ཡའི་རྩོམ་པ་པོ་ཨ་ཕུའུ་ཏུའུ་ལ་ཐི་ཕུའུ·སེ་དབྱི་ཏེ·མུའུ་ཧན་ཡོ་ཏེ·ཨ་ཕུའུ་ཏུ་ཝུའུ་ཏེས“ཨ་རབ་བས་ཀྲུང་གོར་བལྟ་བ”ཞེས་པའི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས་ལྷོ་རྒྱ་མཚོའི་གནད་དོན་གྱི་ངོ་བོ་ནི་ཧྥི་ལི་ཕིན་སོགས་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ངང་བཟུང་བའི་ཀྲུང་གོའི་ལྷོ་རྒྱ་མཚོའི་མཚོ་གླེ་ཡིན། ཀྲུང་གོས་《མཉམ་འབྲེལ་རྒྱལ་ཚོགས་རྒྱ་མཚོའི་སྤྱི་ཆིངས་》གཞིར་བཟུང་འདུམ་གཅོད་ཁས་མི་ལེན་པའི་གསལ་བསྒྲགས་སྤེལ་བ་དེ་ནི་ལུགས་མཐུན་གྱི་དབང་ཆ་སྤྱད་པ་ཞིག་ཡིན་ཞེས་བཤད།
         ཀག་ན་ཡི་རྩོམ་པ་པོ་དང་། ཨ་རབ་ཀྱི་རྩོམ་པ་པོ་དང་གསར་འགོད་པ། ཀྲུང་གོའི་མཛའ་གྲོགས་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་ཡིན་པའི་ཐ་ལི་ཁེ·དབྱི་ས་ཀེས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཀྱིས་ལྷོ་རྒྱ་མཚོའི་གནད་དོན་ཐད་གསལ་བསྒྲགས་སྤེལ་ནས་ཀྲུང་གོར་བཙན་ཤེད་ངང་འདུམ་གཅོད་ཇུས་གཞི་ཟེར་བ་ཁས་ལེན་དང་དང་ལེན་བྱེད་དུ་འཇུག་པ་དེ་ནི་ཀྲུང་གོའི་བདག་དབང་ལ་བཙན་གནོད་བྱས་པ་ཞིག་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་ཡོད་ཅེས་བཤད་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་ཀྲུང་གོར་འཚམས་འདྲིར་གདན་ཞུ་བྱས་པའི་ཕ་ཕུ་ཡ་ཀུའི་ནི་ཡ་མི་དམངས་ཡར་ཐོན་ཏང་གི་གྲོས་མི་པན་ལུན·ཁྲེན་གྱིས་ལྷོ་རྒྱ་མཚོའི་རང་མོས་མཚོ་འགྲུལ་ལ་གནད་དོན་གང་ཡང་མེད་ཅེས་བཤད་ཅིང་། ཁོང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་གསར་པ་ལས་གནས་ཐོག་འཁོད་རྗེས། ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་བྱེད་པའི་ཐད་བསམ་ཕྱོགས་གསར་པ་འདོན་རྒྱུའི་རེ་བ་ཡོད། ངས་ལྷོ་རྒྱ་མཚོའི་གནད་དོན་དེ་གྲོས་མོལ་དང་ཞི་བའི་ཐོག་ནས་ཐག་གཅོད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
         ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་མཐུན་སྒྲིལ་རྩ་འཛུགས་ཀྱིས་དོན་དེའི་ཐད་སྤེལ་བའི་གསལ་བསྒྲགས་ནང“གྲོས་མོལ་དང་ཞི་བའི་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཀྲུང་གོའི་བྱེད་ཐབས་ལ་རྦད་དེ་རྒྱབ་སྐྱོར་བྱ་རྒྱུ་ཡིན། སྒྲིག་སྲོལ་བཟོ་བ་དང་ལམ་སྲོལ་བཙུགས་ནས་རྩོད་གཞི་དོ་དམ་ཚོད་འཛིན་བྱེད་པ་དང་གསར་སྤེལ་དང་མཉམ་ལས་ཐོག་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱེད་པ་དང་འབྲེལ་ལྷོ་རྒྱ་མཚོའི་མཚོ་འགྲུལ་རང་མོས་དང་འཕུར་བསྐྱོད་རང་མོས་དང་དེ་བཞིན་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས”ཞེས་བཀོད་ཡོད།
         ཐ་ལི་ཁེ·དབྱི་ས་ཀེས“མི་ལ་ལས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཟིང་ཆ་སློང་གི་ཡོད། ཧྥི་ལི་ཕིན་གྱིས་བཅའ་ཁྲིམས་ཀྱི་གནད་དོན་ཐད་ཕྱིའི་རྒྱལ་ཁབ་ཁ་ཤས་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་གི་ཡོད”ཅེས་བཤད།
         སར་ཝ་ཏོལ་འཐབ་ས་སྤྱི་ཚོགས་ལས་འགུལ་གྱི་ཧྲུའུ་ཅི་པུ་ལན་ཏི་ནུའོ་ཡིས་ལྷོ་རྒྱ་མཚོའི་གནད་དོན་ཐད་དོ་བདག་རྒྱལ་ཁབ་ཕྱོགས་ཀྱིས་མཛའ་གྲོགས་གྲོས་མོལ་དང་ཞི་བའི་ཐོག་ནས་ཐག་གཅོད་བྱེད་དགོས་པ་དང་། ལྷོ་རྒྱ་མཚོའི་གནད་དོན་དམག་དོན་ཅན་དུ་འགྱུར་རྒྱུའི་ལྐོག་གཡོ་གང་རུང་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད། ཀེ་ལུན་པི་ཡའི་དམ་སྲུང་ཏང་རྒྱལ་ཡོངས་འགོ་ཁྲིད་ཨུ་ལྷན་གྱི་ཁོངས་མི་པ་ལུན་ཤིས་ཡས་སྤྱི་ཚོགས་སྤེལ་རེས་གླེང་སྟེགས་ཐོག་རྩོམ་ཡིག་སྤེལ་ནས་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་མཚོའི་མཚོ་གླེ་ཀྲུང་གོ་ནས་ཁ་ཕྲལ་གཏོང་རྒྱུའི་ལྐོག་གཡོ་དེ་ནི་ལོ་རྒྱུས་དང་སྲོལ་རྒྱུན་ལས་རྒྱབ་འགལ་བྱས་པའི་ཁུངས་ལུང་མེད་པའི་བྱེད་སྟངས་ཤིག་ཡིན་ཞེས་བཤད།
         ཚོགས་པ་སྣེ་འཁྲིད་ནས་ཀྲུང་གོར་འཚམས་འདྲི་གནང་མཁན་ཐན་ཙན་ནི་ཡའི་གསར་བརྗེ་ཏང་ཀྲུང་དབྱང་གི་ཨུ་ཡོན་ཕིང་ཏི·ཁྲ་ནེས་མངའ་ཁོངས་བདག་དབང་གི་རྩ་དོན་ལ་བརྩི་འཇོག་བྱ་རྒྱུ་དེ་གནད་འགག་ཆེ་བའི་དོན་ཞིག་ཡིན། ཨ་རི་ཚུད་པའི་རྒྱལ་ཁབ་གང་རུང་གིས་ལྷོ་རྒྱ་མཚོའི་རྒྱལ་ཁབ་ཀྱིས་མཛའ་གྲོགས་གྲོས་མོལ་གྱི་བྱེད་ཐབས་ཐོག་ནས་རྩོད་གཞི་ཐག་གཅོད་བྱེད་པ་དེར་རྒྱབ་སྐྱོར་བྱེད་དགོས་ཞེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྒྱལ་ཁབ་60ཙམ་གྱིས་ཀྲུང་གོའི་འདོད་ཚུལ་ལ་རྒྱབ་སྐྱོར་བྱས་ཡོད་ལ། ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་མང་དུ་འགྲོ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།