འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་ཐོན་ཁུངས་བརྟག་
    དཔྱད་ཐེངས་གཉིས་པ་བྱེད་འགོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལོ་15འདས་རྗེས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་བོད་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པའི་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བརྟག་དཔྱད་བརྒྱུད་བོད་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་ཐོན་ཁུངས་ཀྱི་ད་ཆའི་གནས་བབ་དང་འགུལ་ཚུལ་དང་། སྣ་ཁ་མང་ཉུང་། ཁྱབ་ཚུལ། སྐྱེ་འཚར། དེ་བཞིན་གནོད་འཚེ་གང་ཕོག་མིན་དང་འགྱུར་ལྡོག་གང་འགྲོ་ཚུལ་བཅས་ཁོང་དུ་ཆུད་པ་བྱས་ཏེ་ལྗོངས་ཡོངས་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་འཛུགས་པ་དང་གསར་བརྗེས་བྱས་ནས་ལོ་3ནང་རི་སྐྱེས་སྐྱེ་དངོས་ཀྱི་གནས་ཚུལ་མཐིལ་རྟོགས་ཐུབ་པ་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཏ་ཡིས་1997ལོ་ནས་2001ལོ་བར་བོད་ཀྱིས་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་ཐོན་ཁུངས་བརྟག་དཔྱད་ཐེངས་དང་པོ་བྱས་པར་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་རིགས་18ཀྱི་ཁྱབ་རྒྱ་དང་། སྣ་ཁ་མང་ཉུང་། སྐྱེ་འཚར་བཅས་ཁོང་དུ་རགས་ཙམ་ཆུད་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་བེད་སྤྱོད་དང་སྲུང་སྐྱོང་སོགས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས། ཁོང་གིས་ད་དུང“ལོ་མང་སོང་རྗེས་རི་སྐྱེས་སྐྱེ་དངོས་ཐོན་ཁུངས་ལ་འགྱུར་ལྡོག་བྱུང་ཡོད། རྒྱལ་ཡོངས་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པའི་ལས་དོན་སྤེལ་ཚེ་གོམ་སྟབས་རྗེས་མའི་གཉེར་སྐྱོང་དང་འཕེལ་རྒྱལ་ལ་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་ཐུབ་རྒྱུ་རེད”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་བརྟག་དཔྱད་བྱས་པའི་རི་སྐྱེས་སྐྱེ་དངོས་རིགས་36གི་ནང་བོད་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱིས་ངེས་པར་དུ་བརྟག་དཔྱད་བྱ་རྒྱུར་གཏན་འབེབས་བྱས་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་རིགས་21ཕུད་ད་དུང་བོད་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་དང་། རི་སྐྱེས་སྐྱེ་དངོས་ཕྲ་རབ། སྤྱི་ཚོགས་ཐོག་དོ་ཁུར་བྱེད་མང་བའི་སྐྱེ་དངོས་རིགས་སོགས་ཡོད་པ་དང་། བརྟག་དཔྱད་བྱེད་ཁྱོན་སྤྱི་ཆིང་ཁྲི་750ཙམ་ཟིན་གྱི་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།