འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་རིན་
    ཐང་གལ་ཆེན་ལྡན་པའི་གྲོང་ཚོ་ཚང་མ་སྲུང་སྐྱོབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
          མི་དམངས་དྲ་བའི་འཕྲིན།  “2017ལོར་བསྐྱར་དུ་བརྟག་དཔྱད་གཏན་འཁེལ་ཐེངས་གཅིག་བྱས་ཏེ་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་རིན་ཐང་གལ་ཆེན་ལྡན་པའི་གྲོང་ཚོ་ཚང་མ་མིང་གཞུང་ནང་བཅུག་ནས་སྲུང་སྐྱོབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། ད་ཆ་སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོབ་འཕེལ་རྒྱས་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དང་སྲོལ་རྒྱུན་གྱི་གྲོང་ཚོ་རྩ་བརླག་མྱུར་པོ་འགྲོ་བའི་རྣམ་པ་བཀག་འགོག་ཐུབ་ཡོད”ཅེས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་ཀྲའོ་ཧུའེ་ཡིས་བཤད།
         ཚེས་23ཉིན་ཀྲེ་ཅང་དབྱི་ཝུའུ་རུ་གཉེར་བའི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་འཕེལ་རྒྱས་གསོ་སྦྱོང་འཛིན་གྲྭའི་ཐོག ཀྲའོ་ཧུའེ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྲོལ་རྒྱུན་གྲོང་ཚོར་སྲུང་སྐྱོབ་བྱ་ཤུགས་ཆེ་རུ་དང་སྲོལ་རྒྱུན་གྲོང་ཚོའི་རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་སྟེ། སྲོལ་རྒྱུན་གྲོང་ཚོའི་རིན་ཐང་དར་སྤེལ་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
         2012ལོ་ནས་བཟུང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་རིག་གནས་པུའུ་དང་། རྒྱལ་ཁབ་རིག་དངོས་ཅུས། ནོར་སྲིད་པུའུ་སོགས་སྡེ་ཚན་དང་མཉམ་དུ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོབ་ལས་དོན་སྤེལ་འགོ་བཙུགས་པ་དང་། ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་བཟོས་ཏེ་ཁག་ཐེངས་གསུམ་གྱི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་ཁྱོན་2555ཡོངས་བསྒྲགས་བྱས་ཡོད། “མིག་སྔར། ཁག་བཞི་པའི་དཔྱད་ཞིབ་ལས་དོན་ལེགས་གྲུབ་ཟིན་ཡོད། གྲོང་ཚོ་1600ལྷག་ཙམ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ནང་འཇུག་རྒྱུ་ཡིན་པས་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་བསྡོམས་འབོར་4100ལྷག་ཙམ་ཟིན་རྒྱུ་རེད། བསྐྱར་དུ་བརྟག་དཔྱད་གཏན་འཁེལ་ཐེངས་གཅིག་བྱས་ཚེ་མིང་གཞུང་ནང་གི་གྲོང་ཚོའི་བསྡོམས་འབོར་6000ཙམ་ཟིན་རྒྱུ་རེད”ཅེས་ཀྲའོ་ཧུའེ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།