འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པི་ཡ་ཏིས་མཚོ་སྔོན་ཚྭ་མཚེའུ་མ་རྐང་དང་མཉམ་དུ་ཚྭ་མཚེའུའི་ལིས་ཐོན་ཁུངས་
    གསར་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་སིས་མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དང《ཚྭ་མཚེའུའི་ལིས་ཐོན་ཁུངས་གསར་སྤེལ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་ནས་ཚད་ཡོད་འགན་འཁྲི་ཀུང་སི་གཅིག་མཉམ་དུ་བཙུགས་ཏེ་ཚྭ་མཚེའུ་ཐོན་ཁུངས་ཐོན་རྫས་གསར་སྤེལ་དང་། ལས་སྣོན། ཕྱིར་ཚོང་བཅས་བྱ་རྩིས་ཡོད་པ་རེད།
         “ད་ཐེངས་པི་ཡ་ཏི་དང་མཉམ་ལས་བྱེད་པ་ནི་ད་ཡོད་ཀྱི་ཐཱན་འགྱུར་ལིས་ཏུན་ཁྲི་1ཐོན་སྐྱེད་སྒྲིག་ཆས་ཀྱི་རྨང་གཞིའི་ཐོག་སླར་ཡང་ཐཱན་འགྱུར་ལིས་ཏུན་ཁྲི་3ཐོན་སྐྱེད་སྒྲིག་ཆས་གསར་སྐྲུན་བྱ་རྒྱུ་དང་རྣམ་གྲངས་འདི་ལོ་ལག་བསྟར་བྱེད་རྩིས་ཡོད་པ་དང་། ལོ་2ནས་ལོ་3བར་བསྐྲུན་ཟིན་པ་བྱས་ནས་བེད་སྤྱོད་གཏོང་རྒྱུ་རེད། ཀུང་སི་གསར་པའི་ཐོན་རྫས་ལ་མཁོ་བའི་ལིས་བསྡུས་ཚྭ་ཆུ་རྙིང་པ་དེ་ཚྭ་མཚེའུ་མ་རྐང་ཅ་ལུད་ཐོན་སྐྱེད་གཏེར་སྙིགས་སླར་ཡང་བེད་སྤྱོད་བཏང་ནས་བཟོས་པ་ཞིག་ཡིན”ཞེས་ཚྭ་མཚེའུ་མ་རྐང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། པི་ཡ་ཏི་རླངས་འཁོར་ལས་སྒོའི་འཕར་གཞི་གཙོ་བོ་ནི་ནུས་རྒྱུ་གསར་པའི་རླངས་འཁོར་ཡིན་ཞིང་། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གྲུབ་ཆའི་ཆ་ལག་གཙོ་བོ་དེ་ལིས་གློག་རྫས་རེད།
         པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་དང་ཙུང་ཚའེ་གཅིག་ལྕོགས་ཝང་ཁྲོན་ཕུའུ་ཡིས་རྒྱལ་ཁབ་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་སྲིད་ཇུས་བཏོན་ནས་སྐུལ་འདེད་བཏང་བ་བརྒྱུད་གློག་སྒུལ་རླངས་འཁོར་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ་དང་། ལིས་ཐོན་ཁུངས་ཀྱི་དགོས་མཁོ་དེ་བས་ཆེ་རུ་ཕྱིན་ནས་ལིས་གློག་རྫས་དང་ལིས་ཐོན་ཁུངས་ཀྱི་རིན་གོང་འཕར་ཡོད། ན་ནིང་ལོ་གཅིག་ནང་ཐཱན་འགྱུར་ལིས་ཀྱི་རིན་གོང་ཏུན་རེར་སྒོར་ཁྲི་4ནས་ཏུན་རེར་སྒོར་ཁྲི་15བར་འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།