འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་འཇོག་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་
    ཐོག་ཡུལ་ཤུལ་གྱི་རྣམ་པ་མངོན་གསལ་དོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་འཇོག་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་
ཐོག་ཡུལ་ཤུལ་གྱི་རྣམ་པ་མངོན་གསལ་དོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་སྐབས་བཅུ་བདུན་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་འཇོག་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་སྐབས་གསུམ་པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སློང་འགྲན་བསྡུར་བྱེད་འགོ་ཚུགས་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད། འདི་ལོའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་ཡུལ་དུ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་དང་། རྨ་ལྷོ་ཁུལ། མགོ་ལོག་ཁུལ་སོགས་ས་ཁུལ་གྱི་འགྲེམས་སྟོན་ཚོམས་ཆེན་དུ་དམིགས་བསལ་ཁྱད་ལྡན་གྱི་མི་རིགས་རིག་གནས་དང་སྔར་མེད་གསར་སྤྲོས་བྱས་པའི་སྟོན་ཚོགས་ཇུས་འགོད་བྱས་ཚུལ་དེ་ཐེངས་འདིའི་འདུ་ཚོགས་ཀྱི་ཡིད་དབང་འཕྲོག་ས་ཞིག་ཏུ་གྱུར་པ་རེད། ཡུལ་ཤུལ་ས་ཁུལ་གྱི་འགྲེམས་སྟོན་ཁང་དུ་ཕྲ་ཞིང་ཞིབ་པའི་ལག་ཤེས་བཟོ་རྩལ་གྱིས་བཏགས་པའི་དངོས་ཟོག་དང་། གསོན་ཉམས་ལྡན་པའི་མ་ཎི་རྡོ་བརྐོས། ཚོན་མདོག་བཀྲ་ལ་དར་སྲོལ་ཆེ་བའི་བོད་ཀྱི་རྒྱན་གོས་སོགས་ལས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མངོན་ཞིང་ལྟད་མོ་བ་རྣམས་ཧ་ལས་ནས་བསྟོད་བསྔགས་ཡང་ཡང་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་འཇོག་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་
ཐོག་ཡུལ་ཤུལ་གྱི་རྣམ་པ་མངོན་གསལ་དོད་པ།
      

    ཕྱོགས་བསྡུས་གསར་འགྱུར།