འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མྱང་ཆུ་རྒྱུག་ཁུལ་གྱི་འདམ་རར་སྲུང་སྐྱོང་ཡག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་མྱང་ཆུ་རྒྱུག་ཁུལ་གྱི་འདམ་རར་སྲུང་སྐྱོང་ཡག་པོ་བྱས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་6ཚེས་16ཉིན་ནི“འཛམ་གླིང་གི་མྱ་ངམ་ཐང་དང་ཐན་པ་འགོག་བཅོས་ཉིན་མོ”ཡིན་པ་དང་། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེའི་མྱང་ཆུ་རྒྱུག་ཁུལ་དུ་གནས་པའི་འདམ་རའི་རྒྱ་ཁྱོན་བལྟོས་བཅས་ཀྱིས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། དེ་གར་ཁྲུང་ཁྲུང་དང་ངང་པ་སེར་ཁྲ་གནས་བཅའ་སའི་གྲས་ཤིག་ཡིན་པ་དེ་བོད་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་བཅུག་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མྱང་ཆུ་རྒྱུག་ཁུལ་གྱི་འདམ་རའི་སྲུང་སྐྱོང་ཁྱབ་ཁོངས་གཞིས་རྩེའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཅུག་ཟིན་པ་དང་། གྲོང་ཁྱེར་སྲིད་གཞུང་གིས་འདམ་རའི་ལྟ་ཞིབ་ཚད་འཇལ་ས་ཚིགས་འཛུགས་པ་དང་། ལྕགས་ར་སྐོར་བ། ཕྱུགས་འཚོ་ཁུལ་དང་དུས་ཚིགས་ལུགས་མཐུན་ངང་འཆར་འགོད་བྱེད་པ། བྱེ་འགོག་བྱེ་བཅོས་ཀྱི་སྤྱི་ཕན་ནགས་ཤིང་འདེབས་འཛུགས། ཤིང་གཅོད་མི་ཆོག་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་འདམ་རར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།
    ༄༅།།བོད་ལྗོངས་ཀྱི་མྱང་ཆུ་རྒྱུག་ཁུལ་གྱི་འདམ་རར་སྲུང་སྐྱོང་ཡག་པོ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།