འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཛོད་དགེའི་འདམ་ར་ལྷ་ཡུལ་བཞིན་དུ་མཛེས་སྡུག་ལྡན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཛོད་དགེའི་འདམ་ར་ལྷ་ཡུལ་བཞིན་དུ་མཛེས་སྡུག་ལྡན་པ།
         མི་དམངས་དྲ་བའི་འཕྲིན། མཛོད་དགེའི་འདམ་ར་ནི་མཚོ་བོད་མཐོ་སྒང་གི་མཐོ་གྲང་འདམ་སོལ་ན་འདམ་ཡིན་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ས་གཞི་གལ་ཆེན་ཞིག་ཀྱང་རེད། སི་ཁྲོན་ཞིང་ཆེན་གྱིས་འདམ་ར་སྲུང་སྐྱོང་ལས་གཞི་དང་སི་ཁྲོན་ནུབ་བྱང་བྱེ་འགོག་ལས་གཞི་སོགས་རྒྱུན་མཐུད་ངང་སྤེལ་བ་དང་ཆབས་ཅིག་མིག་སྔར་མཛོད་དགེའི་མེ་ཏོག་མཚེའུ་ཡི་ཆུ་གནས་ལོ་10སྔོན་དང་བསྡུར་ན་ལི་སྨི་40མཐོ་རུ་སོང་བ་དང་རྒྱ་ཁྱོན་སྤྱི་ཆིང་215ནས་སྤྱི་ཆིང་650རུ་རྒྱ་ཆེ་རུ་སོང་བ་རེད། 
        ཟླ་6པར་བདེ་ཐང་ས་ཁུལ་དུ་དབྱར་གཞུང་ཤར་ཡོད་མོད། འོན་ཀྱང་མཛོད་དགེའི་མཐོ་སྒང་དུ་ད་རུང་མེ་ཏོག་ཁྲ་མེར་བཞད་པའི་དཔྱིད་ཀ་ཡིན་ཞིང་། མཐའ་ཡས་པའི་རྩྭ་ཐང་གི་སྤང་ལྗོངས་སྔོ་ལྗང་གི་སྟེང་དུ་སྙན་འཇེབས་ལྡན་པའི་རྫི་གླུ་འགྱུར་ཁུག་བདེ་པོར་ཁྱབ་ཡོང་བ་དང་། མུ་འབྲེལ་རི་བོའི་འདབས་སུ་ཆུ་བོ་ཀྱག་ཀྱོག་ནས་ཤར་ནས་ནུབ་ཏུ་དལ་པོར་འབབ་བཞིན་ཡོད། ཆུ་མདོག་དྭངས་པའི་འདམ་རའི་མེ་ཏོག་མཚེའུ་རུ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་བརྒྱས་རྒྱན་པས་ལྷ་ཡུལ་བཞིན་དུ་མཛེས་སྡུག་ལྡན་ནོ། །
      

    ཕྱོགས་བསྡུས་གསར་འགྱུར།