འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དཔལ་འབྱོར་སྒྲིག་
    གཞིས་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་འདེགས་ཀྱི་འདུག་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྤེལ་བའི་སྙན་ཞུ་གསར་ཤོས་ནང་དུ། ན་ནིང་གི་ཟླ་བཅུ་པ་ནས་འདི་ལོའི་ཟླ་ལྔ་པའི་བར་དུ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་(G20)དཔལ་འབྱོར་སྒྲིག་གཞིས་ཚོང་དོན་ཚོད་འཛིན་བྱེད་ཐབས་བཏོན་པའི་མྱུར་ཚད་དེ་2008ལོའི་དངུལ་རྩའི་ཉམས་ཉེན་བྱུང་ཚུན་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་དེས་གོ་ལ་ཧྲིལ་པོའི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་འདེགས་པ་གསལ་པོ་མཚོན་གྱི་འདུག་ཅེས་འཁོད་ཡོད་པ་རེད།
         སྙན་ཞུ་དེ་གཞིར་བཟུང་། ན་ནིང་གི་ཟླ་བཅུ་པའི་ཟླ་དཀྱིལ་ནས་འདི་ལོའི་ཟླ་ལྔ་པའི་ཟླ་དཀྱིལ་བར་G20དཔལ་འབྱོར་སྒྲིག་གཞིས་ཚོང་དོན་ཚོད་འཛིན་བྱེད་ཐབས་གསར་པ་145སྤྱད་པ་དེ་ཟླ་རེར་ཆ་སྙོམས་བྱེད་ཐབས་21རེ་ཟིན་ནས་དེ་སྔའི་ལྟ་ཞིབ་ཚད་ལེན་དུས་སྐབས་ཀྱི་ཆ་སྙོམས་ཟླ་རེའི་བྱེད་ཐབས་17ལས་མཐོ་བ་ཡོད་པ་རེད།
         སྙན་ཞུ་དེའི་ནང་དུ། ན་ནིང་གི་ཟླ་བཅུ་པ་ནས་འདི་ལོའི་ཟླ་ལྔ་པའི་བར་གྱི་གོ་ལ་ཧྲིལ་པོའི་ཚོང་དོན་ཚོད་འཛིན་བྱེད་ཐབས་ནང་གི་མང་ཆེ་ཡུག་ཚོང་ངོ་རྒོལ་བྱེད་པའི་བྱེད་ཐབས་ཀྱིས་བཟུང་ཡོད། དེ་དག་ལས་ཡུག་ཚོང་ལ་ངོ་རྒོལ་བྱེད་པའི་བརྟག་ཞིབ་མང་ཆེ་བ་ལྕགས་རིགས་དང་རྫས་འགྱུར་བཟོ་ལས་སོགས་ལས་རིགས་སུ་གཅིག་སྡུད་བྱས་ཡོད་ཅེས་འཁོད་ཡོད་པ་རེད།
         འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་འདི་ལོའི་ཟླ་བཞི་པར་སྔོན་དཔག་བྱས་པ་ལྟར་ན། 2016ལོའི་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་ཚད་དེ་2015ལོ་དང་མཉམ་ནས་2.8%རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་ལ། འདི་ནི་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་ཚད་བསྟུད་མར་ལོ་ལྔ་3%ལས་དམའ་བ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།