འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པའི་སློབ་མ་5ཆུ་སུབ་ཐེབས་ནས་ཤི་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་གི་དམའ་རིམ་སློབ་འབྲིང་གི་སློབ་མ་6ཆུ་རྫིང་ནང་རྐྱལ་རྒྱག་སྐབས་ཆུ་སུབ་ཐེབས་ནས་མི་5ཤི་བ་དང་མི་1བསྐྱབས་ཐུབ་ཡོད།
         ཟུང་ཆུ་རྫོང་མི་དམངས་སྲིད་གཞུང་འཕྲལ་སྡོམ་དོ་དམ་གཞུང་ལས་ཁང་གི་གནས་ཚུལ་ལ་གཞིགས་ན། སློབ་མ་དེ་དག་ཟུང་ཆུ་སློབ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཡིན་པ་དང་གནས་ཚུལ་མ་ཐོན་གོང་འབྲིང་རྒྱུགས་མཇུག་འགྲིལ་མ་ཐག་ཡིན་པ་རེད།
         ཟླ་6ཚེས་16ཉིན། འཛིན་གྲྭ་དེའི་སློབ་མ་23ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་སྤང་བཟང་གྲོང་ཚོའི་རྩྭ་ཐང་དུ་སྒར་བརྒྱབ་ནས་གླིང་ག་གཏོང་བར་སོང་ཞིང་། ཚེས་17ཉིན་གྱི་སྔ་དྲོ། གླིང་ག་གཏོང་བར་བསྐྱོད་པའི་སློབ་མ་6སྒར་ས་ནས་ལམ་ཐག་སྨི་300ཡོད་པའི་ཆུ་རྫིང་དུ་ཆུ་རྐྱལ་རྒྱག་པར་ཕྱིན། སྐར་མ་10ཙམ་སོང་རྗེས་གནས་དེར་འབྱོར་བའི་སློབ་མ་གཞན་3གྱིས་མི་6པོ་དེ་དག་ཆུ་སུབ་ཐེབས་པ་མཐོང་ནས་ལམ་སེང་ཆུའི་ནང་མཆོངས་ཏེ་ཧུའུ་ཞའོ་ཁྲེན་བསྐྱབས། དེ་རྗེས་སློབ་མ་ཞིག་གིས་110དང་120ལ་ཁ་པར་བརྒྱབ་སྟེ་རོགས་སྐྱོབ་བྱ་རྒྱུའི་རེ་ཞུ་བྱས།
         ཆུ་སུབ་ཐེབས་ནས་ཤི་བའི་སློབ་མ་མང་ཆེ་བ་ཟུང་ཆུ་གྲོང་གསེབ་ཁུལ་ནས་ཡོང་བ་དང་། ལོ་15ནས་17བར་ཡིན་ཞིང་། ད་ལྟ་ཕུང་པོ་ཚང་མ་རྙེད་ཡོད། མིག་སྔར་རྗེས་འཇུག་དང་དོན་རྐྱེན་བརྟག་དཔྱད་ཀྱི་ལས་ཀ་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།