འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཚུར་ཕུ་དགོན་གྱིས་གོས་སྐུ་བཤམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་17ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་མཚུར་ཕུ་དགོན་གྱིས་གོས་སྐུ་བཤམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་བོད་བརྒྱུད་ནང་བསྟན་གྱི་ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་མཚུར་ཕུ་དགོན་གྱིས་ལོ་རེར་ཐེངས་རེའི་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་བ་རེད། མཐོ་ཚད་ལ་སྨི་38དང་ཞེང་ཚད་ལ་སྨི་35ཡོད་པའི་རྗེ་ཤཱཀྱ་མུ་ནེའི་ཚེམ་དྲུབ་ཀྱི་གོས་སྐུ་ཆེན་པོ་བཤམས་ནས་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་མང་ཚོགས་ལ་གོས་སྐུ་མཇལ་བ་དང་སྨོན་ལམ་འདེབས་སུ་བཅུག་པ་རེད། མཚུར་ཕུ་དགོན་ནི་ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་གཙོ་བོ་ཞིག་ཡིན་ཞིང་། ལོ་ངོ་800ལྷག་གི་ལོ་རྒྱུས་ལྡན་པ་རེད། གོས་སྐུ་བཤམས་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སོ་སོས་གོས་སྐུ་ཆེན་པོ་འགྲེམས་པའི་ཆོས་ལུགས་ཀྱི་མཛད་སྒོ་ཞིག་ཡིན་པ་མ་ཟད། བོད་རིགས་བཟོ་རྩལ་མཁས་པའི་ལག་རྩལ་མངོན་པའི་གོ་སྐབས་ཤིག་ཀྱང་ཡིན་ཞིང་། དམིགས་དོན་ནི་འགྲོ་བ་ཀུན་ལ་སངས་རྒྱས་ཀྱི་སྐུ་ཐང་མཇལ་བ་དང་། དགེ་སྒྲུབ་སྡིག་སྤངས། སེམས་པ་རྣམ་དག་བཅས་བྱེད་དུ་འཇུག་པའི་ཆེད་དུ་ཡིན་ནོ།།
    【1】  【2】  【3】  【4】  【5】  【6】  【7】  【8】
    མཚུར་ཕུ་དགོན་གྱིས་གོས་སྐུ་བཤམས་པའི་ཡུལ་དངོས།
    མཚུར་ཕུ་དགོན་གྱིས་གོས་སྐུ་བཤམས་པའི་ཡུལ་དངོས།
      

    ཕྱོགས་བསྡུས་གསར་འགྱུར།