འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཕོ་ལན་གྱི་ས་གནས་མཉམ་ལས་གླེང་སྟེགས་སྐབས་བཞི་པའི་ཐོག་མཉམ་
    ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་བསྡུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་ཀྲུང་གོ་དང་ཕོ་ལན་གྱི་ས་གནས་མཉམ་ལས་གླེང་སྟེགས་སྐབས་བཞི་པ་ཕོ་ལན་གྱི་རྒྱལ་ས་ཝར་སོར་འཚོགས་ཏེ་ཚོགས་ཞུགས་པ་ཚོས་ཇི་ལྟར་བྱས་ནས་ཕྱོགས་མང་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱས་པ་རེད།
         ད་ཐེངས་ཀྱི་གླེང་སྟེགས་དེ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཕོ་ལན་གྱི་ཕྱི་འབྲེལ་པུའུ་སོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་ཏེ“ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ”ཞེས་བརྗོད་བྱ་གཙོ་བོར་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་འགྲིམ་འགྲུལ་དང་། བཟོ་ལས་རྟེན་གཞི་རྙིང་པ་དར་སྤེལ་དང་འཕེལ་རྒྱས། ས་གནས་ཀྱི་གསར་གཏོད་དང་འཕར་རྒྱུ་སྐྱེད་སྲིང་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་རེད།
         ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཞའོ་ལིན་གྱིས་ཤིས་ཚིག་སྒྲོན་སྐབས་ས་གནས་མཉམ་ལས་ནི་ཀྲུང་ཕོའི་འབྲེལ་བ་ཕྱོགས་ཡོངས་དང་། སྐྱོན་བྲལ། གཏིང་ཟབ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྐུལ་འདེད་ནུས་པ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཕོའི་དངོས་སྒྲུབ་མཉམ་ལས་ཀྱི་འཕར་གཞི་གསར་པ་ཞིག་ཀྱང་ཡིན། ཕྱོགས་གཉིས་པོས་ད་ཐེངས་ཀྱི་གླེང་སྟེགས་དེ་གོ་སྐབས་སུ་བརྩིས་ནས་རྣམ་གྲངས་སྦྲེལ་མཐུད་ཧུར་ཐག་བྱེད་པ་དང་། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཉིས་ཕན་མཉམ་ལས་ཐུབ་པ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         ཕོ་ལན་ཕོ་ཏེ་ལ་སི་ཞིང་ཆེན་གྱི་ཧྲེང་ཀྲང་དབྱེ་རི·ལའེ་ཧྲི་ཆིང་སི་ཅིས་འདི་ནི་ངས་ཕོ་ཏེ་ལ་སི་ཞིང་ཆེན་གྱི་ཚབ་བྱས་ནས་གླེང་སྟེགས་དེར་ཞུགས་ཐེངས་དང་པོ་ཡིན། སླད་ཕྱིན་དཔལ་འབྱོར་དང་། ཚན་རིག སློབ་གསོ་སོགས་ཁྱབ་ཁོངས་མང་པོའི་ནང་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         ཚོགས་འདུ་མཇུག་འགྲིལ་རྗེས་ཀྲུང་ཕོ་ཕྱོགས་གཉིས་པོས་《ཀྲུང་གོ་དང་ཕོ་ལན་གྱི་ས་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ》ཁྱབ་བསྒྲགས་བྱས་པ་དང་འབྲེལ་རྣམ་གྲངས་མཉམ་ལས་ཀྱི་གྲོས་མཐུན་མང་པོར་མིང་རྟགས་ཀྱང་བཀོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།