འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཟླ་5པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་
    ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་3215ཞིབ་བཤེར་ཐག་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་པུའི་དྲ་ཚིགས་སུ་ཚེས་21ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། 2016ལོའི་ཟླ་5པར་རྒྱལ་ཡོངས་སུ་ཁྱོན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་3215ཞིབ་བཤེར་ཐག་གཅོད་ཐུབ་ནས། མི་4469ཐག་གཅོད་བྱས་པ་དང་། མི་3301ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཏང་བ་རེད།
         རྒྱལ་ཡོངས་སུ་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཁོང་དུ་ཆུད་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་139 ཀྲུང་དབྱང་ཁེ་ལས་106 ཀྲུང་དབྱང་དངུལ་རྩའི་ཁེ་ལས་15བཅས་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་ཚུལ་གྱི་ཟླ་རེའི་སྙན་ཞུའི་ལམ་ལུགས་བཟོས་པ་རེད།
         ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་བལྟས་ཚེ། 2016ལོའི་ཟླ་ལྔ་པར་གནད་དོན་3215ཞིབ་བཤེར་ཐག་གཅོད་བྱས་པའི་ནང་། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་དངུལ་ལམ་ཡང་ན་ཕན་བདེ་སྤྲད་པ་793དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་བྱས་པ་526 སྒྲིག་འགལ་ངང་གཞུང་འཁོར་སྤྲད་པ་དང་སྤྱོད་པ་573 སྒྲིག་འགལ་ངང་གཞུང་དངུལ་སྤྱད་ནས་ཟ་འཐུང་བྱས་པ་418 བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་བྱེད་སྒོ་ཆེན་པོ་གཉེར་བ་430 ཚད་གཞི་ལས་འགལ་བའི་སྣེ་ལེན་བྱས་པའམ་ཡང་ན་དང་ལེན་བྱས་པ་དང་། གཞུང་དངུལ་སྤྱད་དེ་གོང་ཚད་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོ་དང་ལེན་བྱས་པ། སྒྲིག་འགལ་ངང་མི་སྒེར་གྱི་འདུ་གནས་སུ་འགྲོ་འོང་བྱེད་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་གི་སྒྲིག་འགལ་གྱི་གནད་དོན་བཅས་213 གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་བསྐྱོད་པ་172 མགྲོན་ཁང་དང་། ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་སྒྲིག་འགལ་ངང་བརྒྱབ་པ་90བཅས་ཡོད། ཟླ་ལྔ་པར་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་ལས་བྱེད་པའི་ཁྲོད་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་34དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་257ཡོད།
      

    ཕྱོགས་བསྡུས་གསར་འགྱུར།