འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་པར་ལེན་མཁན་གྱི་གསར་རྩོམ་རྟེན་གཞི་ཆུ་དམར་ལེབ་
    རྫོང་དུ་སྒོ་བྱང་བཀལ་ནས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་17ཉིན། 16:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་པར་ལེན་མཁན་གྱི་གསར་རྩོམ་རྟེན་གཞི་ཆུ་དམར་ལེབ་
རྫོང་དུ་སྒོ་བྱང་བཀལ་ནས་བཙུགས་པ།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་པར་ལེན་མཁན་མཐུན་ཚོགས་ཀྱིས་འབྲི་ཆུ་ཁུག་པའི་མཛེས་ལྗོངས་ཁུལ་ལ་སྒོ་བྱང་སྩོལ་བའི་ཉིན་དེར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་འབྲི་ཆུ་ཁུག་པའི་མཛེས་ལྗོངས་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་པར་ལེན་མཁན་མཐུན་ཚོགས་ཀྱིས་གནང་བའི་“པར་ལེན་གསར་རྩོམ་རྟེན་གཞི་”ཞེས་པའི་སྒོ་བྱང་དང་ལེན་བྱས་པ་རེད། འདི་ནི་ཡུལ་ཤུལ་ཁུལ་གྱི་པར་ལེན་སྒྱུ་རྩལ་པའི་གསར་རྩོམ་རྟེན་གཞི་ཐོག་མ་རེད།
         ཆུ་དམར་ལེབ་རྫོང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་ཆགས་ཤིང་། དེ་ནི་གཙང་གསུམ་ཆུ་འགོའི་ཁུལ་དུ་གཏོགས་པས། གཙང་གསུམ་ཆུ་འགོའི་རྫོང་དང་པོ་ཞེས་པའི་མཚན་སྙན་ཐོབ་ཡོད། རྫོང་དེའི་མངའ་ཁོངས་སུ་གཙང་བོ་དང་། གངས་རི། རྩྭ་ཐང་སོགས་ཡུལ་སྐོར་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། པར་ལེན་མཁན་ཚོའི་ཡིད་དབང་འཕྲོག་པའི་གནས་མཆོག་ཅིག་ཀྱང་རེད།
         རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་འཐབ་ཇུས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་པར་ལེན་གསར་རྩོལ་རྟེན་གཞི་བཙུགས་པ་དེས་ཡུལ་སྐོར་གྱི་སྤུས་རྟགས་གོང་མཐོར་གཏོང་བ་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་པར་ལེན་མཁན་གྱི་གསར་རྩོམ་རྟེན་གཞི་ཆུ་དམར་ལེབ་
རྫོང་དུ་སྒོ་བྱང་བཀལ་ནས་བཙུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།