འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོ་དང་ཕོ་ལན་གྱི་ཕྱི་འབྲེལ་སྲིད་ཇུས་ ཀྱི་གླེང་སྟེགས”ཝར་སོར་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན“ཀྲུང་གོ་དང་ཕོ་ལན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་གླེང་སྟེགས”དེ་ཕོ་ལན་གྱི་རྒྱལ་ས་ཝར་སོར་གཉེར་ཞིང་། ཚོགས་འདུར་ཞུགས་མཁན་ཚོས་ཀྲུང་གོ་དང་ཕོ་ལན་གྱི་ཕྱི་འབྲེལ་དང“རྒྱུད་གཅིག་ལམ་གཅིག”སོགས་ཀྱི་གྲོས་གཞིར་བགྲོ་གླེང་བྱས་པ་རེད།
         ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། “16+1”ཇུས་འདོན་ཚོགས་པའི་སྤེལ་རེས་དང་མཉམ་ལས་ཀྱི་དྲ་རྒྱ། ཕོ་ལན་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་དུ་གཉེར་བ་རེད། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ཀྲུང་གོ་དང་ཕོ་ལན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་འཕེལ་རིམ་དང་། མི་མངོན་པའི་སྟོབས་ཤུགས། མདུན་ལམ”བཅས་ཡིན་པ་དང་དཔྱད་བསྡུར་གྱི་གྲོས་གཞིའི་ནང་ཀྲུང་གོ་དང་ཕོ་ལན་གྱི་ཕྱི་འབྲེལ་འབྲེལ་བ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གལ་གནད། “རྒྱུད་གཅིག་ལམ་གཅིག”ནང་ཐོན་པའི་ཕོ་ལན་གྱི་ནུས་པ། “རྒྱུད་གཅིག་ལམ་གཅིག”དོན་འཁྱོལ་བྱ་རྒྱུར་འཕྲད་པའི་འགྲན་སློང་སོགས་ཚུད་ཡོད།
         ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཅིང་ཆིང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ནང་འཕེལ་རྒྱས་མྱུར་པོ་བྱུང་ཡོད། གླེང་སྟེགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་དབར་གྱི་ཕན་ཚུན་བསམ་ཤེས་དང་སྤེལ་རེས་ལ་སྐུལ་མ་ཐེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་། ཡང་ཁོང་གིས་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཇུས་འདོན་ཚོགས་པ་ཡིན་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་དེང་རབས་ཀྱི་ཡོ་རོབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སོགས་ཁྱབ་ཁོངས་ཞིབ་འཇུག་བྱ་ཡུལ་གྱི་ཁ་ཕྱོགས་གཙོ་བོའི་གྲས་ལ་བརྩི་ཡི་ཡོད་པས། ད་ཐེངས་ཀྱི་གླེང་སྟེགས་ཐོག་ཕོ་ལན་ཕྱོགས་ཀྱི་འཐུས་མི་དང་མཉམ་དུ་ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས(“16+1མཉམ་ལས”)སོགས་ཐད་ཀྱི་ནང་དོན་ དཔྱད་བསྡུར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཕོ་ལན་གྱི་ཀྲུང་གོའི་གནས་ཚུལ་གྱི་རིགས་གཅིག་མཁས་པ་ཕོ་ཀེ་ཏན·ཀུ་ལའར་ཆི་ཁེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཕོ་ལན་དང་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གླེང་སྟེགས་དེ་ཕོ་ལན་གྱི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན། གང་ལགས་ཤེ་ན། ཕོ་ལན་ནི“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་ཡིན་ལ། “16+1མཉམ་ལས”ལམ་སྲོལ་ཁྲོད་ཀྱི་ཆ་ཤས་ཤིག་ཀྱང་ཡིན་པས་རྒྱལ་ཁབ་གཉིས་པོས་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དེ་མཉམ་དུ་དམ་འཛིན་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།
         ཕོ་ལན་གྱི་ཚོགས་ཞུགས་པ་ཚོས་ད་ཐེངས་ཀྱི་གླེང་སྟེགས་བརྒྱུད་ཕོ་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་མཉམ་ལས་བྱེད་ཤུགས་ཟབ་ཏུ་སོང་ནས་ཕོ་ལན་དང་ཀྲུང་གོའི་འབྲེལ་བ་དེ་དཔལ་འབྱོར་ཉོ་ཚོང་དང་། ཆབ་སྲིད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་ཁྱབ་ཁོངས་ནང་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་མ་ཐེབས་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།