འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྲོད་སྦྱོར་བཟའ་བཅའི་བརྡ་ཁྱབ་ཁྲིམས་ལས་འགལ་ཚད་94.62%ཆག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         གནད་དོན་ཐོན་སྐབས་དང་ཐོན་རྗེས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཅའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་བས། 
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་2016ལོའི་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་ཡོངས་བསྒྲགས་བྱས་པའི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར། 《བརྡ་ཁྱབ་བཅའ་ཁྲིམས་》གསར་པ་བཏོན་པ་ནས་བཟུང་། སྤྱིར་བཏང་གི་བཟའ་བཅའི་བརྡ་ཁྱབ་ཁྲིམས་ལས་འགལ་ཚད་86.41%ཆག་པ་དང་། འཕྲོད་སྦྱོར་བཟའ་བཅའི་བརྡ་ཁྱབ་ཁྲིམས་ལས་འགལ་ཚད་94.62%ཆག་པ་དང་། རྒྱལ་ཡོངས་ཀྱི་བཟོ་ཚོང་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བཟའ་བཅའི་བརྡ་ཁྱབ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་བཟའ་བཅའི་བརྡ་ཁྱབ་ལ་རྡུང་རྡེག་ནན་པོ་བཏང་བར་གྲུབ་འབྲས་ཐོབ་པ་རེད།
         རྒྱལ་ཡོངས་ཀྱི་བཟོ་ཚོང་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། བཟའ་བཅའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན། གནད་དོན་ཐོན་སྐབས་དང་ཐོན་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ཁྲིམས་ལྟར་བཟའ་བཅའི་ཁྲོམ་རའི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བཅས་བྱས་པ་རེད། 《བརྡ་ཁྱབ་བཅའ་ཁྲིམས་》གསར་པ་ལག་ལེན་བསྟར་བ་གོ་སྐབས་སུ་བྱས་ཏེ། ཁྲིམས་ལྟར་བཟའ་བཅའི་བརྡ་ཁྱབ་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་རེད། 《བརྡ་ཁྱབ་བཅའ་ཁྲིམས་》གསར་པ་བཏོན་རྗེས་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་དུས་ཐོག་ཏུ་《བཟའ་བཅའི་བརྡ་ཁྱབ་ཡོངས་བསྒྲགས་ཀྱི་གནས་སྐབས་ལག་བསྟར་གཏན་འབེབས་》སོགས་ཆ་ཚང་བའི་སྒྲིག་སྲོལ་བཟོ་བའི་ལས་དོན་སྤེལ་ཏེ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་དང་མཉམ་དུ་འཕྲོད་སྦྱོར་བཟའ་བཅའི་བརྡ་ཁྱབ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་བཟོ་བཅོས་བརྒྱབ་ནས་བཟའ་བཅའི་བརྡ་ཁྱབ་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྲོལ་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་བ་རེད།
         དུས་མཚུངས་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཁབ་ཀྱི་བརྡ་ཁྱབ་གྲངས་གཞིའི་ལྟེ་བའི་ལྟ་སྐུལ་དོ་དམ་ལས་སྟེགས་བཙུགས་ནས་ལྟ་སྐུལ་དོ་དམ་བྱས་ཏེ་བཟའ་བཅའི་བརྡ་ཁྱབ་ཚུད་པའི་རིགས་ཁག་གི་བརྡ་ཁྱབ་ཡོངས་བསྒྲགས་བྱས་ཚུལ་ལ་ལྟ་སྐུལ་ཚད་ལེན་བྱས་ཤིང་། 2015ལོར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་འཕྲིན་ལམ་1395དང་། རླུང་འཕྲིན་འཕྲིན་ལམ་1128 ཚགས་པར་ཁག་1504སོགས་སྨྱན་སྦྱོར་4027ལ་བརྡ་ཁྱབ་ལྟ་ཞིབ་ཚད་ལེན་བྱས་པར་བཟའ་བཅའི་བརྡ་ཁྱབ་ཁག་ཁྲི་412.53ལྟ་ཞིབ་ཚད་ལེན་ཐུབ་པ་དང་རྩད་ཆོད་ཐུབ་པའི་ཁྲིམས་འགལ་བརྡ་ཁྱབ་ཀྱི་ཁུངས་སྣེ་དག་ས་ཆ་ཁག་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
         བཟའ་བཅའི་བརྡ་ཁྱབ་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པའི་ཐད། རྒྱལ་ཡོངས་ཀྱི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དཔེ་མཚོན་ཁྲིམས་འགལ་བརྡ་ཁྱབ་ལ་གཅིག་སྡུད་ཞིབ་བཤེར་ཐག་གཅོད་བྱེད་པའི་བྱ་སྤྱོད་སྤེལ་ནས། ཁྲིམས་འགལ་བརྡ་ཁྱབ་རྫུན་མར་བཅོས་སྒྲིག་བྱེད་པའི་དམ་དྲག་རྣམ་པ་རྒྱུན་འཁྱོངས་བྱས་པ་རེད། 2015ལོར་རྒྱལ་ཡོངས་ཀྱི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བཟའ་བཅའི་བརྡ་ཁྱབ་གྱོད་གཞི་ཁག་1831ཞིབ་བཤེར་ཐག་གཅོད་བྱས་པ་དང་དངུལ་ཆད་སྒོར་ཁྲི་3995.34བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།