འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་ཕྱིར་སྡོད་
    རང་མིའི་ལས་དོན་གྱི་བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགན་འཁུར་བས་《རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་གྱི་བོད་སྐྱོར་ལས་དོན་སྐོར་གྱི་དྲན་ཐོ་》ཡི་ཐོག་མིང་རྟགས་བཀོད་ཅིང་། དེ་ཐོག་ནས་རྒྱལ་སྲིད་སྤྱི་ཁབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་ཁ་གཏད་བོད་སྐྱོར་ཞིང་ཆེན་17གྱི་མི་དམངས་སྲིད་གཞུང་གི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་དང་མཉམ་དུ་ཕྱིར་སྡོད་རང་མིའི་ལས་དོན་གྱི་བོད་སྐྱོར་ལས་དོན་ལམ་སྲོལ་ལག་ལེན་བསྟར་འགོ་བཙུགས་པ་མཚོན་གྱི་ཡོད་པ་རེད།
         ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས“རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་གྱི་བོད་སྐྱོར་ལས་དོན་ཚོགས་འདུ”ལྷ་སར་ཐུན་མོང་ཐོག་སྐོང་ཚོགས་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་འབྲེལ་ཡོད་སི་ཅུས་ཀྱི་འགོ་ཁྲིད་དང་། རྒྱལ་ཡོངས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་འགན་འཁུར་བ། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་པ་རེད།
         དྲན་ཐོར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་ཕྱིར་སྡོད་རང་མིའི་ཞལ་འདེབས་དངུལ་སྤྱད་དེ། གནད་སྨིན་དབུལ་སྐྱོར་བྱ་རྒྱུ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་དང་མཐུན་སྦྱོར་བྱས་ཏེ་འོས་འགན་སྨན་བཅོས་བྱ་རྒྱུ་དང་ཞལ་འདེབས་འབུལ་རྒྱུ་སོགས་སྤྱི་ཕན་དགེ་སྒྲུབ་བྱེད་སྒོ་སྤེལ་རྒྱུ། དུས་མཚུངས་སུ་ཕྱིར་སྡོད་རང་མིའི་ལས་དོན་ཐོན་ཁུངས་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་བྱ་ཞག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ། ཕྱིར་སྡོད་རང་མིའི་མ་དངུལ་དང་། བློ་གྲོས། སྟོབས་ཤུགས་བཅས་གཅིག་སྡུད་བྱས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ལས་འགན་དྲུག་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།