འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་ཀྲོའུ་ཡིས་བྱ་ཐབས་སྣ་མང་སྤྱད་དེ་སེའུ་ཐོན་སྐྱེད་དང་ཕྱིར་ཚོང་ལ་ནུས་
    ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོར། རྔ་པ་ཀྲོའུ་ཡི་སེའུ་ཐོན་སྐྱེད་ཁུལ་གཙོ་བོར་སྔར་བཞིན་བྲིན་ཁ་རྒྱུག་པོ་ཡོད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས“སེའུ་དང་གྲོང་གསེབ་ཡུལ་སྐོར”གྱི་སྤྱི་ཡོངས་ཀྱི་ཡོང་འབབ་དུས་མཚུངས་ལས་ཆེས་ཆེར་འཕར་ཡོད་པ་རེད།
         མིག་སྔའི་བར། རྔ་པ་ཀྲོའུ་ཕྱི་ནང་གི་གློག་རྡུལ་ཚོང་གཉེར་ཁེ་ལས་10ལྷག་ཙམ་དང་། ཀྲོའུ་ནང་ཁུལ་གྱི་སེའུའི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་50ལྷག་ཙམ་གྱིས་ཕྱོགས་གསུམ་པོའི་ལས་སྟེགས་ལ་བརྟེན་པའམ་ཡང་ན་རང་ཉིད་ཀྱིས་གློག་རྡུལ་ཚོང་ལས་སྟེགས་བུ་བཙུགས་ནས་སེའུ་ཚོང་ཁང་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚོང་ཁང་བཙུགས་ཏེ་རྔ་པ་ཀྲོའུ་ཡི་སེའུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། སྐད་འཕྲིན་ཚོང་ཁང་100ལྷག་ཙམ་གྱིས་ཀྱང་མཉམ་དུ་ཚོང་གི་ཡོད་པས་ཉིན་ལྟར་ཀྲོའུ་རུ་སེའུ་འཐུ་མཁན་གྱི་ཡུལ་སྐོར་བ་ཁྲི་ཟིན་གྱི་ཡོད་པ་མ་ཟད། དྲ་ཐོག་དང་དྲ་ཕྱིའི་རིགས་མི་འདྲ་བའི་མངགས་ཐོའི་རྣམ་པའི་ཕྱིར་ཚོང་དང་ཞིང་ནང་དུ་བཀོག་ཉོ་བྱེད་ཚད་ཀྱི་སྤྱིའི་ཕྱིར་ཚོང་བྱེད་ཚད་ཀྱི་50%ཙམ་ཟིན་པ་དང་། སེའུ་ཏུན་2000ཡས་མས་བཙོང་ཟིན་ནས་ལོ་ཧྲིལ་པོར་ཕྱིར་ཚོང་བྱེད་ཚད་ཏུན་4000དང་། ལོར་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་2.5ལྷག་ཙམ་ཟིན་བཟོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།