འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་པང་ཁོག་ཏུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་པང་ཁོག་ཏུ་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཕྱི་ཁོངས་སྤུན་ཟླའི་དྲ་ཚུགས་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། རིག་གནས་པུའི་དྲ་ཚུགས་ཀྱི་ཆ་འཕྲིན་ལ་གཞིགས་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་པང་ཁོག་ཀྲུང་གོ་རིག་གནས་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པའི་བོད་ཀྱི་ཐང་གའི་འགྲེམས་སྟོན་དེ་པང་ཁོག་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གཉེར་བ་རེད།
         ཐེ་ལན་གྱི་བླ་དཔོན་གཞོན་པ་དང་ཅིན་ཧྲན་དགོན་པའི་མཁན་པོ་གཞོན་པ་སློབ་དཔོན་ཀྲའོ་ཁུན་ཐུང་ཚའེ་གདན་ཞུས་ལྟར་འགྲེམས་སྟོན་ནང་ཞུགས་པ་དང་འབྲེལ་ད་ཐེངས་ཀྱི་འགྲེམས་སྟོན་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཁྲེན་ཅང་དང་། བོད་ལྗོངས་རིག་གནས་ཐིང་ཕྱི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཚེ་བརྟན་དཔལ་མོ། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཉིང་ཧྥུ་ཁུའེ་ཡི་སྐུ་ཟླ་ཁྲུའུ་ཆིང་ལིང་སོགས་ཀྲུང་ཐེ་རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་རྣམས་གདན་ཞུས་ལྟར་འགོ་འཛུགས་མཛད་སྒོར་ཕེབས་ཡོད་པ་རེད། འགོ་འཛུགས་མཛད་སྒོའི་ཐོག་ད་དུང་དེ་ལ་ཡིད་སྨོན་སྐྱེས་ནས་ཡོང་བའི་ཐེ་ལན་མོ་ཁེ་ཀྲུའུ་ལ་ལུང་ཀུང་ནང་བསྟན་སློབ་ཆེན་དང་དེ་བཞིན་ཅིན་ཧྥོའོ་དགོན་པའི་དགེ་འདུན་རྣམས་ཡོད་ཅིང་། ཁོང་ཚོས་ཆེད་མངགས་རླངས་འཁོར་ནང་ཆུ་ཚོད་གཉིས་བསྡད་དེ་ཀྲུང་གོའི་རིག་གནས་ལྟེ་གནས་སུ་ཐང་གའི་རི་མོའི་ཉམས་སྣང་ལོངས་སུ་སྤྱོད་པར་ཡོང་ཡོད་པ་རེད།
         དུས་ཡུན་རིང་པོའི་ནང་བླ་དཔོན་གཞོན་པ་ཀྲའོ་ཁུན་ཐུང་ཚའེ་ཡིས་ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་རིག་གནས་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཡོད་པ་དང་། ཁོང་གིས་པང་ཁོག་ཀྲུང་གོའི་རིག་གནས་ལྟེ་གནས་ཨར་སྐྲུན་གྲ་སྒྲིག་བྱེད་པ་ནས་མཇུག་མ་འགྲིལ་བར་དོ་ཁུར་བྱས་ཡོད་པ་མ་ཟད། རིག་གནས་ལྟེ་གནས་དང་མཉམ་ལས་བྱ་རྒྱུའི་ཐད་བསམ་གཞིག་ཧུར་ཐག་བྱས་ཡོད་པ་རེད།
         སློབ་དཔོན་ཆེ་མོ་ཀྲའོ་ཁུན་ཐུང་ཚའེ་ཡིས་ཐེ་ལན་ནི“མཚོ་ཐོག་དར་གོས་ལམ་བུའི”ལམ་རྒྱུད་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་། ད་ཐེངས་ཀྱི་བྱེད་སྒོ་ཐེ་ལན་དུ་སྤེལ་བ་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དགོངས་དོན་གྱི་འབོད་སྐུལ་དང་ལེན་ཞུས་པ་ཞིག་ཡིན་ལ་ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྲེལ་བ་འཕེལ་རྒྱས་ལའང་ཕན་པ་ཡོད་ཅེས་བརྗོད་ཀྱི་འདུག ཁོང་གིས་ད་དུང་ད་ཐེངས་ཀྱི་འགྲེམས་སྟོན་ལ་བལྟས་པ་དེས་ཐང་གའི་སྒྱུ་རྩལ་གྱི་མཛེས་ཉམས་མྱོང་རོལ་ཐུབ་བྱུང་ལ་ད་དུང་ཐང་གའི་སྒྱུ་རྩལ་ཁྲོད་གནས་པའི་སངས་རྒྱས་གཙོ་བོར་བཟུང་བའི་དགོངས་པ་ཚོར་ཐུབ་བྱུང་བས་ཀྲུང་གོའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད་པ་མཚོན་གྱི་འདུག་ཅེས་བརྗོད་ཀྱི་འདུག
         ཐང་ག་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་ཁྲོད་ཀྱི་ཚབ་མཚོན་ཆེ་ཤོས་ལྡན་པའི་གྲས་ཤིག་ཡིན་པས་ལོ་རྒྱུས་ཡུན་རིང་ལྡན་ལ་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ཡོད་པ་དང་། དེའི་ནང་བོད་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་དོན་རྐྱེན་དང་། ཆོས་ལུགས་ཀྱི་བསྟན་དོན། ཡུལ་སྲོལ་གོམས་གཤིས། ལྷ་སྒྲུང་གཏམ་རྒྱུད་སོགས་ནང་དོན་མཚོན་པའི་རི་མོ་འཁོད་ཡོད་པ་དང་། ད་ཐེངས་ཀྱི་འགྲེམས་སྟོན་ནང་རྩེར་སོན་གྱི་ཐང་ག་47འགྲེམས་སྟོན་བྱས་ཡོད་པ་རེད། ཐེ་ལན་གྱི་དམངས་ཚོགས་མང་པོ་ཞིག་གིས་དྲ་རྒྱའི་སྨྱན་སྦྱོར་བརྒྱུད་ནས་ད་ཐེངས་ཀྱི་འགྲེམས་སྟོན་ཤེས་རྟོགས་བྱུང་རྗེས་ཚང་མ་གཅིག་མཇུག་གཉིས་མཐུད་ངང་པང་ཁོག་ཀྲུང་གོའི་རིག་གནས་ལྟེ་གནས་སུ་ཡོང་སྟེ་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ལ་ཆོས་ལུགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་སྒྱུ་རྩལ་གྱི་གཅེས་ནོར་ཐང་གར་ལྟ་སྐོར་བྱས་པ་དང་ཀྲུང་གོའི་རིག་གནས་ཀྱི་སྣ་མང་རང་བཞིན་ཉམས་ལེན་ཐུབ་པ་བྱས་ཡོད་པ་རེད།
    ༄༅།།བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་པང་ཁོག་ཏུ་གཉེར་བ།
    ༄༅།།བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་པང་ཁོག་ཏུ་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།