འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱིས་ཤམ་བྷ་ལའི་ས་
    ཁོངས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་12ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱིས་ཤམ་བྷ་ལའི་ས་
ཁོངས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྐབས་དང་པོའི་ཤམ་བྷ་ལའི་ས་ཁོངས་ཡུལ་སྐོར་མཉམ་ལས་ཚོགས་འདུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་དུ་འཚོགས་པ་དེ་ཐོག་ནས་ཤམ་བྷ་ལའི་ས་ཁོངས་ཡུལ་སྐོར་མཉམ་ལས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད། ལས་དོན་དེའི་དམིགས་ཡུལ་ནི་ཡུན་ནན་དང་། སི་ཁྲོན། བོད་བཅས་ཞིང་ལྗོངས་གསུམ་གྱི་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་རྒྱུ། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་སྤུས་རྟགས་གཏོད་རྒྱུ། ཤམ་བྷ་ལའི་ས་ཁོངས་ཡུལ་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཞིང་ལྗོངས་གསུམ་གྱི་གྲོང་ཁྱེར་དང་རྫོང་བཅུ་གཅིག་གིས་2015ལོར་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་2700ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་255ལྷག་བཏོད་པ་མ་ཟད། མི་ཁྲི་17ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཤིང་། འདི་ནི་སྐབས་དང་པོའི་ཤམ་བྷ་ལའི་ས་ཁོངས་ཡུལ་སྐོར་མཉམ་ལས་ཚོགས་འདུའི་ཚོགས་ར་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།