འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།《རྒྱལ་ཁབ་ས་ཆའི་ལྟ་ཞིབ་སྲོལ་ཡིག་》ལ་བསམ་འཆར་བསྡུས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་འཆར་ཟིན་འགོད་པ་དང་སྦྲགས། རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་གྲོས་ཞིབ་བྱ་རྒྱུར་བསྐྱལ་བའི་《རྒྱལ་ཁབ་ས་ཆ་ལྟ་ཞིབ་ལས་དོན་སྲོལ་ཡིག་(གྲོས་ཞིབ་བྱ་རྒྱུར་བསྐྱལ་བའི་འཆར་ཟིན་མ་ཡིག)》ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་གིས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ། 《རྒྱལ་ཁབ་ས་ཆ་ལྟ་ཞིབ་སྲོལ་ཡིག་(བསམ་འཆར་བསྡུ་ལེན་མ་ཡིག)》ཏུ་བཟོ་བཅོས་བརྒྱབ་ཐོག ད་ཆ་བསམ་འཆར་བསྡུ་ལེན་མ་ཡིག་དང་དེ་བཞིན་གསལ་བཤད་ཀྱི་མ་ཡིག་ཆ་ཚང་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པ་རེད།
         བསམ་འཆར་བསྡུ་ལེན་མ་ཡིག་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ས་ཆ་སྤྱི་ཁྱབ་ལྟ་ཞིབ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་གཙོ་འགན་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་རྒྱལ་ཁབ་ས་ཆ་སྤྱི་ཁྱབ་ལྟ་ཞིབ་པ་ཡིན་པ་རེད། རྒྱལ་ཁབ་ས་ཆ་སྤྱི་ཁྱབ་ལྟ་ཞིབ་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྒྱལ་ཁབ་ས་ཆ་ལྟ་ཞིབ་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་སྦྲགས། རྒྱལ་ཁབ་ས་ཆ་ལྟ་ཞིབ་ཁྲོད་ནས་ཤེས་པའི་གནད་དོན་གཙོ་བོར་དམིགས་ནས། དེ་འབྲེལ་གྱི་ལས་ཀའི་བསམ་འཆར་དང་གྲོས་འགོ་བཏོན་དགོས། གཞན་ཡང་། རྒྱལ་ཁབ་ས་ཆ་སྤྱི་ཁྱབ་ལྟ་ཞིབ་ཀྱིས་དུས་ཚོད་གཏན་འཁེལ་ནང་སྤྱི་ཚོགས་ལ་རྒྱལ་ཁབ་ས་ཆ་ལྟ་ཞིབ་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
         ས་གནས་མི་དམངས་སྲིད་གཞུང་གིས་ས་ཆ་དོ་དམ་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་ལས་འགལ་བར་བསམ་འཆར་བསྡུ་ལེན་མ་ཡིག་ནང་རྒྱལ་ཁབ་ས་ཆ་སྤྱི་ཁྱབ་ལྟ་ཞིབ་ཀྱིས་ས་གནས་དེར་ལྟ་ཞིབ་བསམ་འཆར་ཡི་གེ་བསྐུར་ནས། བཅོས་སྒྲིག་བྱ་ཐབས་དང་བཅོས་སྒྲིག་དུས་ཚད་ཀྱི་བླང་བྱ་ཁ་གསལ་འདོན་དགོས། ས་གནས་མི་དམངས་སྲིད་གཞུང་གིས་ལྟ་ཞིབ་བསམ་འཆར་ཡི་གེ་དོན་འཁྱོལ་བྱ་རྒྱུ་ཁས་མ་བླངས་མཁན་ལ་རྒྱལ་ཁབ་ས་ཆ་སྤྱི་ཁྱབ་ལྟ་ཞིབ་ཀྱིས་ས་གནས་དེར་དུད་ཚད་ནང་བཅོས་སྒྲིག་བྱེད་དགོས་པའི་ཆོད་ཡིག་བསྐུར་དགོས་པ་དང་། ས་གནས་མི་དམངས་སྲིད་གཞུང་གིས་དུས་ཚད་ནང་བཅོས་སྒྲིག་བྱེད་དགོས་པའི་ཆོད་ཡིག་དོན་འཁྱོལ་མ་བྱས་གོང་ས་གནས་དེའི་སྲིད་འཛིན་ས་ཁོངས་ཀྱི་ཞིང་སྤྱོད་ས་ཆ་སྒྱུར་སྤྱོད་དང་ས་ཆ་བསྡུ་ལེན་བདག་སྤྲོད་ཀྱི་ཞིབ་བཤེར་ཆོག་མཆན་གནས་སྐབས་མཚམས་འཇོག་བྱེད་དགོས་པ་དང་། འཛུགས་སྐྲུན་ས་ཆ་མཁོ་འདོན་མཚམས་འཇོག་པ། གསར་འཕར་འཛུགས་སྐྲུན་ས་ཆ་བཀོད་སྒྲིག་བྱེད་པའི་འཆར་གཞིའི་སྟོན་རྟགས་མཚམས་འཇོག་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།
         བསམ་འཆར་བསྡུ་ལེན་མ་ཡིག་ནང་ས་གནས་སྲིད་གཞུང་གིས་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་པར་ལྟ་སྐུལ་བྱེད་པའི་ཐད། རྒྱལ་ཁབ་ས་ཆ་སྤྱི་ཁྱབ་ལྟ་ཞིབ་བམ་དེས་མངགས་པའི་ས་གནས་སུ་བཅའ་སྡོད་རྒྱལ་ཁབ་ས་ཆ་ལྟ་ཞིབ་ལས་ཁུངས་དང་ལྟ་ཞིབ་པས་ལྟ་ཞིབ་བྱ་ཡུལ་གྱི་ས་གནས་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོའམ་དེ་མིན་གྱི་འགན་འཁུར་བར་ཁ་ཆད་གླེང་མོལ་བྱེད་དགོས་པ་མ་ཟད། ཁ་ཆད་གླེང་མོལ་བྱས་ཚུལ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས། དགོས་ངེས་སུ་རྒྱལ་ཁབ་ས་ཆ་སྤྱི་ཁྱབ་ལྟ་ཞིབ་ཀྱིས་བསྐོ་འཐེན་ལས་ཁུངས་སམ་ལྟ་ཞིབ་ལས་ཁུངས་ལ་ལྟ་ཞིབ་བྱ་ཡུལ་ས་གནས་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོའམ་དེ་མིན་གྱི་འགན་འཁུར་བའི་འགན་འཁྲི་བདའ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་ཆོག་པའི་གཏན་འབེབས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།