འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱིས་མ་མཐའི་འཚོ་བའི་འགན་ལེན་དང་དབུལ་སྐྱོར་ལམ་ལུགས་འབྲེལ་མཐུད་
    ནུས་ལྡན་བྱ་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་13ཉིན་ནན་ཉིང་དུ་འཚོགས་པའི་ཀོང་ཤིས་རང་སྐྱོང་ལྗོངས་ཡོངས་ཀྱི་2016ལོ་འཁོར་གྱི་དབུལ་སྒྲོལ་སྐུལ་གཏོང་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཀོང་ཤིས་ཀྱི་མི་འབོར་དབུལ་པོ་ཁྲི་120དང་། གྲོང་ཚོ་དབུལ་པོ་1000 རྫོང(གྲོང་ཁྱེར་དང་ཆུས)དབུལ་པོ་8བཅས་ཀྱི་དབུལ་སྒྲོལ་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་ཆེད། ཀོང་ཤིས་ཀྱིས་མ་མཐའི་འཚོ་བའི་འགན་ལེན་དང་དབུལ་སྐྱོར་ལམ་ལུགས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་འཛུགས་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
         ཞིབ་བསྡུར་བྱས་པར་གཞིགས་ན། ན་ནིང་ལོ་མཇུག་བར་ཀོང་ཤིས་རང་སྐྱོང་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་ཚད་མཐོ་པོ་མེད་པ་དང་མ་མཐའི་འཚོ་བའི་འགན་ལེན་གྱི་མཐའ་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་མེད། ཀོང་ཤིས་ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་གྱི་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱས་ཏེ་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་དབུལ་སྐྱོར་བྱ་ཡུལ་དབར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཚོད་སྐོར་སྐར་གྲངས་50མན་དང་མ་མཐའི་འཚོ་བའི་འགན་ལེན་གྱི་ཁྱབ་ཁོངས་གྲས་སུ་བཅུག་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་ཀོང་ཤིས་ཀྱིས་གཙོ་གནད་ཐོག་བསྐྱར་ཞིབ་བསྐྱར་བཤེར་བྱས་ནས་ཆ་རྐྱེན་མཐུན་པ་དག་མ་མཐའི་འཚོ་བའི་འགན་ལེན་གྱི་ཁྱབ་ཁོངས་གྲས་སུ་འཇུག་རྒྱུ། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དབུལ་པོ་མིན་པའི་རིགས་ལ་གྲོང་ཁྱེར་དང་རྫོང་ཁག་གིས་ཡུལ་དེའི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞིར་གཞིགས་ཏེ་ཚང་མར་བསྐྱར་ཞིབ་བསྐྱར་བཤེར་བྱ་རྒྱུ་དང་གྲངས་གཞི་ཆེན་པོའི་མ་ལག་སྤྱད་དེ་ཞིབ་བསྡུར་བྱས་ནས་ཆ་རྐྱེན་དང་མི་མཐུན་པ་རྣམས་དུས་ཐོག་ཏུ་དེའི་སྒྲིག་ཁོངས་ནས་འབུད་རྒྱུ་བཅས་རེད།
         ཀོང་ཤིས་དམངས་སྲིད་ཐིང་གིས་སྔོན་དཔག་བྱས་པར་གཞིགས་ན། འདི་ལོ་ཀོང་ཤིས་ཀྱིས་ལྗོངས་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དབུལ་པོ་མིན་རིགས་ནས་མི་ཁྲི་40འཐེན་ཏེ་ཆ་རྐྱེན་དང་མཐུན་པའི་མི་འབོར་དབུལ་པོར་མ་མཐའི་འཚོ་བའི་འགན་ལེན་བྱ་རྒྱུ་རེད། “སྒྲིག་ཁོངས་ནས་མི་གཅིག་འཐེན་པ་དང་མི་གཅིག་བཅུག་པ”བརྒྱུད་ལོ་མཇུག་གོང་ཀོང་ཤིས་ཀྱིས་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་མི་འབོར་དབུལ་པོ་སྡེབ་འདྲེས་བྱེད་ཚད་40%ཡན་བར་མཐོ་རུ་གཏོང་རྒྱུ་དང་དེའི་རྨང་གཞིའི་ཐོག་མི་འབོར་དབུལ་པོའི་མ་མཐའི་འཚོ་བའི་འགན་ལེན་གྱི་བསྡུར་ཚད་སྔར་བས་མཐོ་རུ་བཏང་སྟེ་མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ལེགས་སྐྱེས་འབུལ་ཚད་མཐོ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་ཀོང་ཤིས་ཀྱིས་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་དང་དབུལ་སྐྱོར་ཚད་གཞི་སྤྱི་འདོམས་འབྲེལ་མཐུད་ཡག་པོ་བྱེད་པ་དང་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་བཙུགས་ཏེ་དུས་མཚམས་དང་རིམ་པ་དབྱེ་བའི་ངང་ས་ཆ་ཁག་གི་མ་མཐའི་འཚོ་བའི་འགན་ལེན་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་2019ལོར་སླེབས་སྐབས་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དང་དབུལ་སྐྱོར་ཚད་གཞི“ཚད་གཞི་གཉིས་ཟླ་སྒྲིལ”ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།