འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རིག་གནས་ཤུལ་དངོས་འགྲེམས་སྟོན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་13ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་རིག་གནས་ཤུལ་དངོས་འགྲེམས་སྟོན།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐིང་དང་། རིག་དངོས་ཅུས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་སོགས་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་གཅེས་ནོར་འགྲེམས་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་རང་རྒྱལ་གྱི་རིག་གནས་ཤུལ་བཞག་ཉིན་མོ་11པ་བསུས་པ་རེད། 2005ལོར་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་གྲྭ་སྒྲུབ་པ་ནས་ད་བར་རིག་གནས་ཤུལ་བཞག་རྣམ་གྲངས་2མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོའི་ནང་བདམས་ཐོན་བྱུང་བ་དང་། རིག་གནས་ཤུལ་བཞག་གི་རྣམ་གྲངས་89དང་ཚབ་བྱེད་ཀྱི་རང་བཞིན་ལྡན་པའི་རྒྱུན་འཛིན་པ་68རྒྱལ་ཁབ་རིམ་པའི་མིང་ཐོའི་ནང་ཚུད་ཡོད་པ་རེད། མིག་སྔར་བོད་ལྗོངས་ཀྱིས་འཆར་གཞི་ལྟར་གོ་རིམ་ལྡན་པའི་སྒོ་ནས་གནས་སྤོ་ཐུབ་པའི་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་སྤེལ་བཞིན་ཡོད་ལ། ཞིབ་བཤེར་གྱི་གཞི་ཁྱོན་བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་ཉར་ཚགས་ལས་ཁུངས་1300ལྷག་ལཁྱབ་ཡོད་ཅིང་། གནས་སྤོ་ཐུབ་པའི་རིག་གནས་ཤུལ་བཞག་ཁྲི་10ལྷག་ཐོ་འགོད་བྱས་པ་མ་ཟད་ཡིག་ཚགས་ཞིབ་ཕྲའང་བཟོས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།བོད་ལྗོངས་ཀྱི་རིག་གནས་ཤུལ་དངོས་འགྲེམས་སྟོན།
      

    ཕྱོགས་བསྡུས་གསར་འགྱུར།