འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ར་ལ་ཨོང་གིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་སི་ར་ལ་ཨོང་གི་ཕྱི་འབྲེལ་དང་རྒྱལ་སྤྱི་མཉམ་ལས་ཀྱི་པུའུ་ཀྲང་ས་མུའུ་ལ·ཁ་མ་ལས་སི་ར་ལ་ཨོང་གིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་དུས་མཚུངས་ཕྱོགས་ཁག་གིས་ཞི་བའི་གྲོས་མོལ་བརྒྱུད་ལྷོ་རྒྱ་མཚོའི་རྩོད་གཞི་ཐག་གཅོད་བྱེད་དགོས་པའི་རེ་འབོད་ཀྱང་གནང་བ་རེད།
         ཁ་མ་ལས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སི་ར་ལ་ཨོང་སྲིད་གཞུང་གིས་ཕྱོགས་ཁག་གིས་ཀྲུང་གོས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་》ལ་གཞི་འཛིན་ནས་སྤེལ་བའི་ཟུར་འབུད་རང་བཞིན་གྱི་གསལ་བསྒྲགས་ལ་བརྩི་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། “ལྷོ་རྒྱ་མཚོའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་ཁག་གིས་རྒྱལ་ཁབ་གཅིག་གི་མངའ་ཁོངས་ས་ཆའི་བདག་དབང་ལ་དགོས་ངེས་ཀྱི་བརྩི་འཇོག་བྱེད་དགོས་ལ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་》ཀྱི་སྒྲོམ་གཞིའི་ནང་གནད་དོན་ཐག་གཅོད་བྱེད་དགོས”
         ཁོང་གིས་སི་ར་ལ་ཨོང་གིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་ལངས་ཕྱོགས་གཅིག་པ་འཛིན་རྒྱུ་ཡིན། ཕྱོགས་ཁག་གིས་ཕན་ཚུན་བརྩི་འཇོག་བྱས་ཏེ་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་ཐབས་ལམ་བཙལ་འཚོལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། དུས་མཚུངས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ཡོད་འདུམ་གཅོད་སྒྲིག་གཞིས་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱེད་དགོས་པའི་རེ་འབོད་གནང་བ་རེད།
         ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡི་གདན་ཞུས་ལྟར། ཁ་མ་ལས་ཚེས་13ཉིན་ནས་ཚེས་16ཉིན་བར་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་རྒྱུ་རེད། ཁ་མ་ལས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱེད་པ་ནི་ན་ནིང་ཟླ་བརྒྱད་པར་ཝང་དབྱིས་སི་ར་ལ་ཨོང་ལ་འཚམས་འདྲི་བྱས་པར་ཞུ་ལན་སློག་པ་ཞིག་ཡིན། ཕྱོགས་གཉིས་ཀས་དེ་གོང་གྲོས་མོལ་བྱས་ནས་བྱུང་བའི་ངོས་འཛིན་གཅིག་མཐུན་ཁག་གཅིག་ལ་སྔར་བས་སྤེལ་རེས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།